ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ལོ་མཇུག་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་ཤང་དང་གྲོང་རྡལ་རིམ་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཤིང་། དེའི་ཁྲོད་ཟི་ལིང་ས་ཁུལ་དུ་གནམ་གཤིས་བརྟག་དཔྱད་ས་ཚིགས83དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནམ་གཤིས་བརྟག་དཔྱད་ས་ཚིགས415བཙུགས་ཡོད།
མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཞིབ་འཇུག་བརྟག་དཔྱད་པ་ལིས་ཅིན་ཧུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཡིན་ཞིང་ས་ཁུལ་གཞན་དང་བསྡུར་ན་ཁྱད་པར་ཅན་གྱི་གནས་ཡིན། ས་བབ་མཐོ་ལ་སྐྱེ་དངོས་སྣ་ཚོགས་འདུས་སྡོད་བྱེད་ས་ཡིན་པས་གནམ་གཤིས་བརྟག་དཔྱད་ས་ཚིགས་ཧ་ཅང་དགོས་གལ་ཆེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་དྲིལ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་ཆར་བ་འབབ་ཚད་ཆེས་མང་བའི་ས་ཁུལ་ཡིན་པས་མིག་སྔར་གནམ་གཤིས་བརྟག་དཔྱད་ས་ཚིགས10བཙུགས་ཡོད་པ་དང་། ས་གནས་ཀྱི་གནམ་གཤིས་བརྟག་དཔྱད་སྡེ་ཁག་ལ་ཡིད་ཆེས་བྱས་ཆོག་པའི་གནམ་གཤིས་གཞི་གྲངས་མཁོ་འདོན་བྱས་ཆོག་ཅིང་། ནུས་ལྡན་ངང“མིས་བཟོས་བརྟག་དཔྱད་ཀྱི་ཤུགས་རྐྱེན”གྱིས་ཆར་ཆུ་འབབ་ཚད་མང་བ་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་པའི་གནོད་པ་མེད་པར་བཟོས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་གྱི་ཤང་གྲོང་རིམ་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།