རྩེ་ཁོག་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་སྐོར་གསུམ་པའི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  ཞིང་ལས་ཞིང་སྡེ་པུའུ་དང་ནོར་སྲིད་པུའུ་ཡིས《སྐོར་གསུམ་པའི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་བརྡ་སྦྱོར》གཞིར་བཟུང་ནས།  མཚོ་སྔོན་ཞིང་ཆེན་གྱིས་རྩེ་ཁོག་རྫོང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་སྐོར་གསུམ་པའི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་བདམས་པ་རེད།

ཐེངས་འདིའི་བདམས་ཐོན་གཏན་ཁེལ་ལས་དོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་དེང་རེབས་ཞིང་ལས་ཐོན་ལས་གླིང་གི་སྲིད་ཇུས་ལག་བསྟར་དང་།  《ཞིང་ལས་ཞིང་སྡེའི་པུའུ་གཞུང་སྒྲུབ་ཐིན་དང་ནོར་སྲིད་པུའུ་གཞུང་སྒྲུབ་ཐིན་གྱིས2020ལོའི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཐག་གཅོད་བྱས་པའི་བརྡ་སྦྱོར》གྱི་བླང་བྱ་ལྟར།  ས་གནས་ཐོན་ལས་གླིང་གི་མི་དམངས་སྲིད་གཞུང་ལ་རེ་ཞུ་ཞུས་པ་དང་ཞིང་ཆེན་རིམ་པའི་ཞིང་ལས་ཞིང་སྡེ་དང་ནོར་སྲིད་སྡེ་ཁག་གིས་ཞིབ་བཤེར་འོས་སྦྱོར་བྱས་ཏེ།  ཆེད་མཁས་པའི་ཞིབ་བཤེར་དང་ཡུལ་དངོས་ཀྱི་ཞིབ་བཤེར་སོགས་ཀྱི་གོ་རིམ་བརྒྱུད་དེ་འདེམས་བསྐོ་བྱས་པ་ཡིན། མཇུག་མཐར་རྩེ་ཁོག་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་སོགས་དེང་རབས་ཞིང་ལས་ཐོན་ལས་གླིང38སྐོར་གསུམ་པའི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་བདམས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།