མཚོ་ཤར་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དུས་རབས་སུ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་གསར་དུ་བཙུགས་པའི་མཚོ་ཤར་གྲོང་ཁྱེར་གྱི་རིག་ལྡན་རིག་གནས་ཡུལ་སྐོར་གཞི་གྲངས་ཆེན་མོའི་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། སྟེགས་བུ་དེས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་གཟུགས་མཐོང་ཅན་དང་ཞིབ་ཚགས་ཅན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་ཐུབ་པར་སྐུལ་འདེད་བཏང་བ་དང་། རིག་གནས་ཡུལ་སྐོར་གྱི་སྤྱི་བའི་ཞབས་ཞུས་རང་གཤིས་ཅན་དང་སྟབས་བདེ་ཅན། ཐེངས་གཅིག་ཅན་བཅས་ཀྱི་སྣ་མང་དགོས་མཁོ་བསྐངས་ཤིང་། ཁྲོམ་རའི་ཚོང་གཉེར་ཁྱབ་གདལ་གཏོང་རྒྱུ་དེ་གནད་སྨིན་ཅན་དང་ཕན་འབྲས་ཅན་གྱི་ལམ་བུར་བསྐྱོད་པ་བཅས་ཀྱིས་མཚོ་ཤར་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དུས་རབས་གསར་པར་སླེབས་པ་མཚོན་ཡོད། 

2019ལོའི་ཟླ8པ་ནས་བཟུང་། ལྟེ་གནས(གཞི་གྲངས་ཆེན་མོའི་དབྱེ་ཞིབ་ལྟེ་གནས)གཅིག་དང་སྟེགས་བུ་ཆེན་པོ(རིག་ནུས་རིག་གནས་ཡུལ་སྐོར་དོ་དམ་ལས་སྟེགས། རིག་ནུས་རིག་གནས་ཡུལ་སྐོར་ཞབས་ཞུའི་ལས་སྟེགས)གཉིས་ཀྱི་འཛུགས་སྐྲུན་མ་ལག་ལ་དམིགས་ཏེ། མཚོ་ཤར་གྲོང་ཁྱེར་གྱིས་དཀའ་ངལ་སྣ་ཚོགས་ཁྱད་གསོད་ཀྱིས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་། རིག་ནུས་ཡུལ་སྐོར་དོ་དམ་དང་སྤྱི་བའི་ཞབས་ཞུ། ཚོང་གཉེར་ཁྱབ་གདལ་བཅས་གཞི་གཅིག་ཅན་གྱི་རིག་ནུས་རིག་གནས་ཡུལ་སྐོར་གཞི་གྲངས་ཆེན་མོའི་ལས་སྟེགས་ཤིག་སྔ་སྣུར་སྒོས་བསྐྲུན་པར་བརྩོན་ལེན་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།