ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཝུན་ཀའོ་ཏུང་འཛིན་བཟུང་བྱེད་རྒྱུར་ཐག་བཅད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔོན་གྱི་ཏང་ཙུའུ་ཁོངས་མིའམ་ཧྲིན་ཀྲང་གཞོན་པ། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི། ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝུན་ཀའོ་ཏུང་གིས་ལྐོག་རྔན་བླངས་པའི་དོན་རྐྱེན་ལ་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བརྟག་བཤེར་བྱས་ཏེ་ཞིབ་དཔྱོད་སྡེ་ཁག་ལ་ཞུ་གཏུག་བྱེད་པར་སྤྲད། ད་ལྟ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ནག་ཉེས་ལ་བརྟེན་ནས་ཝུན་ཀའོ་ཏུང་འཛིན་བཟུང་བྱེད་རྒྱུར་ཐག་བཅད། དོན་རྐྱེན་དེ་ད་ལྟ་སྒྲུབ་བཞིན་པའི་སྒང་ཡིན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།