མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། གྲ་སྒྲིག་གནས་ཚུལ་སོ་སོར་ཉན་ནས། རྗེས་ཕྱོགས་ཀྱི་བྱ་བ་ཡང་བསྐྱར་བཀོད་སྒྲིག་དང་དོན་འཁྱོལ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཚོགས་འདུས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རྒྱང་སྐྱོད་གསར་བ་འགོ་རྩོམ་པའི་དུས་ཚོད་གལ་ཆེན་གྱི་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་མཐོང་ཆེན་གནང་ནས2020ལོའི་ཟླ10བར་གྲ་སྒྲིག་བྱ་བ་འགོ་བརྩམས་པའི་ཚུན་ལ། ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་མོ། བྱེད་སྟངས་ལེགས་ཤོས་ཀྱིས་བྱ་བ་སོ་སོ་དོན་འཁྱོལ་བྱས་ཏེ། གྲོས་ཚོགས་དེ་དམངས་གཙོ་མཐུན་སྒྲིལ་དང་འཕེལ་རྒྱས་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཏུ་འཚོགས་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཚོགས་འདུས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བླང་བྱ་ལྟར། ཆབ་སྲིད་ཀྱི་ལངས་གནས་དང་འགན་འཁྲི་ཤུགས་དྲག་ཏུ་བཏང་ནས། ཚོགས་འདུའི་གྲ་སྒྲིག་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་ལེགས་འགྲུབ་བྱེད་དགོས། གཙོ་གནད་ལ་དམིགས་ནས་འགག་སྒོ་ནན་འཛིན་གྱིས་ཆད་ལྷག་ཅི་ཡང་མེད་པར་ཚོགས་འདུའི་རྩ་འཛུགས་དང་རྒྱུ་ཆ་འཐུས་ཚང་། ཨུ་ཡོན་བགྲོ་གླེང་། འདེམས་བསྐོ་སོགས་ཀྱི་གཙོ་གནད་བྱ་བ་ལེགས་པོར་སྒྲུབ་དགོས། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ནན་མོ་དང་བྱེད་ཐབས་ཞིབ་ཚགས། གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ཏེ། དོ་དམ་དང་ཞིབ་ཕྲའི་བྱ་བ་དོན་འཁྱོལ་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཁག་ཐེག་བྱེད་དགོས།  བརྗོད་དོན་དང་གཙོ་གནད་འབུར་ཐོན་དུ་བྱེད་པ་དང་། ཨུ་ཡོན་གྱི་འགན་ནུས་ལག་བསྟར་ལ་དམིགས་ནས་ཚོགས་འདུའི་འཕྲིན་གཏོང་བྱ་བ་ལེགས་པོར་སྒྲུབ་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་བརྒྱུད་བསྒྲགས་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འགོ་ལེགས་པོ་ཞིག་རྩོམ་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་དབུལ་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།