ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་རྟགས་ཀྱི་དུས་ཆེན་སྐབས་བཅུ་གཉིས་པའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་འོས་སྦྱོར་བྱས་པའི་འགྲེམས་སྟོན་དུ་ཞུགས་པའི“མཚོ་སྔོན་ནས་ཆང་མིན་ལིའུ་ཨ་རག་ལས་རིགས་ཚད་ཡོད་ཀུང་སི”དང“མཚོ་སྔོན་མཚོ་བོད་ཧྭ་ཧྥིན་ཀྲུང་ཧྥུན་སྦྲང་རྩི་ལས་རིགས་ཚད་ཡོད་ཀུང་སི”ལ2020ལོའི་ཀྲུང་ཧྭའི་སྤུས་རྟགས་ཚོང་རྟགས་དངོས་མང་སྟོན་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ།
ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་རྟགས་དུས་ཆེན་ནི་རང་རྒྱལ་གྱི་ཚོང་རྟགས་ཁྱབ་ཁོངས་ཀྱི་ཚད་གཞི་མཐོ་ཤོས་དང་ཤུགས་རྐྱེན་ཆེས་ཆེ་བའི་སྤུས་རྟགས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན།《ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་ཞིང་ཆེན་གཉིས་ཀྱི་མཉམ་ལ་ཤུགས་བསྣན་ནས་མཉམ་དུ་ལན་ཀྲུའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པ་འཛུགས་པའི་སྐོར་གྱི་བྱ་བའི་བརྗེད་ཐོ》ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། སྔར་ལས་ལྷག་པའི་སྒོ་ནས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཚོང་རྟགས་དང་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་གྲགས་ཅན་འཛུགས་པའི་བྱ་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ཀན་སུའུ་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་བཞག་པའི་《ཚོང་རྟགས་དང་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་འཛུགས་སྐྲུན་གྱི་མཉམ་ལས་གྲོས་མཐུན》ལ་གཞིགས་ནས། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས“མཚོ་སྔོན་·ཀན་སུའུ་ཡི་ཚོང་རྟགས་ཀྱི་ས་ཁམས་མཚོན་རྟགས་སྤུས་རྟགས་མཉམ་ལས་ཁང་”གི་རྣམ་པའི་ཐོག་ནས་ཐེངས་འདིའི་ཚོང་རྟགས་དུས་ཆེན་ནང་ཞུགས་པ་དང་། ཞིང་ཆེན་གཉིས་ཀྱི་ཁེ་ལས་ཀྱིས་ཡུལ་དངོས་འགྲེམས་ཚོང་དང་། སྤུས་རྟགས་དྲིལ་བསྒྲགས། ཐོན་རྫས་ཁྱབ་གདལ་སོགས་ཀྱི་རྣམ་པས་ཚོང་རྟགས་ཀྱི་སྤུས་རྟགས་སྣང་བརྙན་མངོན་པར་བཀྲམས། དེའི་རིང་ད་དུང་རྒྱལ་ཁབ་ཕྱི་ནང་གི་ཚོང་རྟགས་གྲགས་ཅན་གྱི་སྤུས་རྟགས་གསར་སྐྲུན་གྱི་ཉམས་མྱོང་ལ་ལྟ་སྐོར་དང་སློབ་སྦྱོང་བྱས་ནས། མཐོང་རྒྱ་བསྐྱེད་ཅིང་། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཆེན་གཉིས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་བ་དང་། ཞིང་ཆེན་གཉིས་ཀྱི་ཚོང་རྟགས་གྲགས་ཅན་གྱིས་རྒྱལ་ཡོངས་ལ་ཐེབས་པའི་ཤུགས་རྐྱེན་ཆེ་རུ་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་གྱི་སྤུས་ལེགས་ཚོང་རྟགས་གཉིས་ལ2020ལོའི་ཀྲུང་ཧྭའི་ཚོང་རྟགས་དངོས་མང་སྟོན་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ།