ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་དུས་ཐེངས་དང་པོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཟུར་ཁྲིད་སྟེང་གསུང་བཤད་གནང་བ།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་དུས་ཐེངས་དང་པོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཟུར་ཁྲིད་སྟེང་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་ཉིང་བཅུད་དང་དོན་སྙིང་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱས་ནས། དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་འགག་སྒྲོལ་དཀའ་སེལ་གྱི་བྱ་ཐབས་གསར་པར་བསྒྱུར་དགོས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ལས་ཐོག་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་འཆད་ཁྲིད་ལ་འགོ་འཛིན་མཛད། 

ཞིན་ཁྲང་ཞིང་གིས་ཚང་མ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བསྐྱར་སྦྱོང་བྱས་ཤིང་རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་གནང་། ཁོང་གིས་བསྟན་དོན། ལོ་རྒྱུས་ཀྱི་ཁ་ཕྱོགས་དང་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས། ལོ་རྒྱུས་ཀྱི་གཞི་ཚུགས་ས། དོན་དངོས་ཀྱི་གཞི་ཚུགས་ས། དམིགས་འབེན་གྱི་བླང་བྱ་བཅས་འགག་རྩའི་ཚིག་ལྔར་གོ་བ་གཏིང་ཟབ་ལེན་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཡང་དག་ཁོང་དུ་ཆུད་པ་དང་། རྩ་བའི་དམིགས་ཡུལ་དང་གནད་དོན་གྱི་ཁྲིད་སྟོན། སེམས་ཁྲལ་གྱི་འདུ་ཤེས་བཅས་ཕྱོགས་གསུམ་གྱི་ཐད་ནས་གོ་བ་གཏིང་ཟབ་བླངས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་དགོས། དོན་སྙིང་གལ་ཆེན་ལ་གོ་བ་ལེན་པ་དང་ངོས་འཛིན་ནོར་འཁྲུལ་ལ་སྔོན་འགོག་བྱེད་པ། འགག་རྩའི་ལས་འགན་ནན་འཛིན་དང་ངོ་བོའི་ཁྱད་ཆོས་ཁོང་དུ་ཆུད་པ་བཅས་གཙོ་གནད་བཞི་ལ་གོ་བ་གཏིང་ཟབ་ལེན་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། དུས་མཚམས་གསར་པར་སླེབས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་སྐབས། གནས་བབ་ཇི་འདྲའི་རྙོག་འཛིང་ཆེ་ན་ལས་འགན་དེ་འདྲའི་དཀའ་ཚེགས་ཆེ། ང་ཚོས་སྔར་བས“འདུ་ཤེས་བཞི”ཆེ་དྲག་དང“གདེང་ཚོད་བཞི”སྲ་བརྟན་དུ་བཏ་ནས“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས་ལ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་སྔར་བས་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་ལ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དམ་འཛིན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་ཡག་པོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་མཐུད་ངང་ཆེ་རུ་བཏང་་སྟེ། འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་འཏོང་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས། འཐབ་ཇུས་ཀྱི་བསམ་གཞིག་བཏང་ནས་བརྩེ་སེམས་དང་རང་རྟོན། འགན་འཁྲི། འགན་འཁུར་བཅས་ཡོད་དགོས་ལ། འཐབ་ཇུས་ཀྱི་མིག་རྒྱང་གིས་ཁྱོན་ཡོངས་དོན་གཉེར་དང་འཐབ་ཇུས་ཀྱི་ངེས་ཤུགས་ཀྱིས་འགྲན་སློང་བསུ་བ། སྤྱོད་ཚུལ་ཏན་ཏིག་གིས་ཞིབ་ཕྲའི་ལས་དོན་ཁག་ཡག་པོར་སྒྲུབ་པ་བཅས་བྱེད་དགོས། སྤྱོད་ཚུལ་མུ་མཐུད་དུ་ལེགས་བཅོས་བྱས་ནས་བདེན་འཚོལ་དངོས་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་བསམ་པའི་འཁྱེར་སོ་མཐའ་འཁྱོངས་བྱས་ནས་མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་དང་། “སྤྱོད་ཚུལ་བཞི”ལེགས་བཅོས་བྱེད་པ་དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས་ཏན་ཏན་ཏིག་ཏིག་ངང་མདུན་ཕྱོགས་སུ་བསྐྱོད་དགོས། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་གསབ་ཁྲིད་ནུས་གསོག་གི་དགོས་གལ་འདུ་ཤེས་ཆེ་རུ་བཏང་ནས་རང་འགུལ་ངང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་ལས་སྒོའི་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རང་རྟོགས་ངང་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་ཟིན་ཐུབ་པ་དང་དུས་རབས་ཀྱི་མྱུར་ཚད་ཀྱི་རྗེས་ཟིན་ཐུབ་པ་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།