མཚོ་སྔོན་གྱི་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས2020ལོའི་ལོ་སྨད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས2020ལོའི་ལོ་སྨད་ཀྱི་སློབ་སྦྱོང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། དམངས་གཙོའི་ཏང་ཁག་སོ་སོའི2020ལོའི་ལོ་སྨད་ཀྱི་བྱ་བར་སྤྱི་བསྡོམས་དང་ད་ལོའི་གཙོ་གནད་བྱ་བའི་བསམ་བློ་བརྗེ་རེས་བྱས། 

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་གོ་མིན་ཏང་གསར་བརྗེའི་ཨུ་ཡོན་ལྷན་ཁང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དམངས་གཙོ་མནའ་འབྲེལ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་བཅས་ཚོགས་ཞུགས་གནང་བ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས། 

ཚོགས་འདུས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། མཚོ་སྔོན་གྱི་དམངས་གཙོའི་ཏང་ཁག་སོ་སོས་ལྟེ་བའི་བྱ་བ་དང་དམ་དུ་འབྲེལ་བ་དང་། གཙོ་གནད་བྱ་བར་དམིགས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་ལ་དོ་སྣང་བྱས་ཏེ། དོན་དངོས་བྱེད་སྟངས་ཀྱིས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས། འདུ་ཤེས་བཞི་སྔར་བས་སྲ་བརྟན་དང་ཡིད་ཆེས་བཞི་སྔར་བས་བརྟན་བརླིང་། སྲུང་སྐྱོང་གཉིས་སྔར་བས་སྒྲུབ་ཐུབ་པ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བསམ་བློ་དང་མཉམ་དུ་འབད་འབུངས་ཧུར་ཐག་བྱས་ནས་དགའ་འོས་པའི་གྲུབ་འབྲས་ཀྱིས་མཚོ་སྔོན་གྱི་ཏང་མང་མཉམ་ལས་ཀྱི་ལས་དོན་དང་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ཐད་ཧུར་ཐག་གི་བྱས་རྗེས་བཞག་ཡོད་ཅེས་བསྟན། 

ཚོགས་འདུས་ནན་གྱིས་བསྟན་དོན། དམངས་གཙོའི་ཏང་ཁག་སོ་སོས་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཚད་མཐོན་པོས་གཅིག་གྱུར་བྱེད་པ་དང་། དཀྱིལ་སྙིང་སྲུང་སྐྱོང་རྒྱུན་འཁྱོངས་དང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་ཡིད་ཆེས་བརྟན་པོས་མདུན་དུ་བསྐྱོད་པ་དང་། མི་སེམས་གཅིག་སྒྲིལ་གྱིས་ལངས་ཕྱོགས་མཐོ་ས་ནས་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དང་། རེ་སྙེག་མཐོན་པོས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚད་གཞི་མཐོན་པོས་རང་སྟེང་གི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་བརྩེ་བ་ཆེན་པོས་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་བདེ་བླག་ངང་འགོ་རྩོམ་པར་བློ་གྲོས་ཀྱི་སྟོབས་ཤུགས་དབུལ་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།