ཁོར་ཡུག་གཙང་སྦྲ་པ་ཨ་ཅེ་ལིས་ཧུང་ཧྭ།

ཟླ1པའི་ཚེས20ཉིན།  ལིས་ཧུང་ཧྭ་ཡིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྲེང་ཁྲང་སྲང་ལམ་ཁོར་སྲུང་གཞིས་ཁྱིམ་མདུན་དུ་གཙང་སྦྲའི་ལག་ཆ་གྲ་སྒྲིག་བྱེད་བཞིན་པ།

ད་ལོ་ལོ་ན40ཡིན་པའི་ལིས་ཧུང་ཧྭ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ཁོར་ཡུག་གཙང་སྦྲ་པ་ཞིག་ཡིན་ལ།  མོ་དང་ལས་གྲོགས་རྣམས་ནམ་མ་ལངས་གོང་དུ་ཡར་ལངས་ཏེ་མི་རྣམས་ལས་ཚོགས་སུ་མ་སོང་གོང་སྲང་ལམ་གཙང་སྦྲ་བྱས་ཚར་འདུག   ཚ་གདུག་ཆེ་བའི་དབྱར་ཁ་དང་གྲང་ངར་ཆེ་བའི་དགུན་ཁ་གང་ཡིན་རུང་རྒྱ་སྲང་གཙང་སྦྲ་བྱེད་རྒྱུ་ནི་ཁོ་ཚོའི་ཉིན་རྒྱུན་གྱི་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཡིན།

ཉེ་བའི་ལོ་འགའི་རིང་ལ་ལིས་ཧུང་ཧྭ་དང་མོའི་ལས་གྲོགས་རྣམ་པར་ཁོར་ཡུག་གཙང་སྦྲའི་ཕྱོགས་ནས་ལེགས་བཅོས་ཐོབ་པའི་ཚོར་སྣང་ཞིག་ཡོད་པས་ཁོང་རྣམ་པ་ཚོར་བདེ་སྐྱིད་ཀྱི་དྲོད་ཁོལ་ཞིག་གིས་སྦྱིན།  2017ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་སྲིད་གཞུང་དང་རང་སྐྱོང་ས་ཁུལ་གྱི་ཟ་ཁང་དག་གིས་མཉམ་འབྲེལ་བྱས་ཏེ།  ཚོང་ཁང་ལ་ཁ་གསབ་བྱས་པ་བརྒྱུད་ཁོར་ཡུག་གཙང་སྦྲ་པ་དག་གིས་ཟས་རིན་སྟེར་མི་དགོས་པར་ཐུག་པ་ཁོལ་མ་ཞིག་འཐུང་ཐུབ།  ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲ་པ་དག་ལ་གྲལ་དག་པའི་རང་ཉིད་ཀྱི་ཁོར་སྲུང་གཞིས་ཁྱིམ་ཞིག་བན་པ་མ་ཟད་།  ཆུ་ཁོལ་བསྐོལ་བའི་འཕྲུལ་ཆས་དང་དྲོད་སྙོམས་འཕྲུལ་ཆས།  དཔེ་ཆ་ལྟ་ཀློག་ཁང་བཅས་མཁོ་འདོན་བྱས་པས་ལིས་ཧུང་ཧྭ་དང་མོའི་ལས་གྲོགས་རྣམས་ཀྱིས་གཙང་སྦྲ་བྱས་ཚར་རྗེས་ངལ་གསོ་བྱས་ཆོག་པའི་ཁང་བ་ཞིག་ཡོད་པ་རེད།  ཆ་རྐྱེན་འདི་དག་གི་དབང་གིས་ཁོར་ཡུག་གཙང་སྦྲ་པ་དག་གི་སེམས་ཁོངས་སུ་དྲོལ་ཁོལ་གྱིས་ཁེངས་ཡོད།  

བྱ་བའི་དབང་གིས་ལིས་ཧུང་ཧྭ་དུས་རྒྱུན་སྤྱི་ལེ10ལྷག་ཙམ་རྐང་ཐང་དུ་འགྲོ་དགོས་ཀྱང་མོས་ད་བར་དུ་ཐང་ཆད་པའི་སྐད་ཆ་གཅིག་ཀྱང་བཤད་མ་མྱོང་།  མོས་བཤད་རྒྱུར“ང་ཚོས་གྲོང་ཁྱེར་འདི་གཙང་སྦྲ་བྱས་ཏེ་གྲལ་དག་ཅན་དུ་བཏང་ན་ང་ཚོའི་སེམས་སུའང་དྲོལ་ཁོལ་གྱིས་ཁེངས་ཡོང་ཟེར།  །”

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།