ཟླ1པོའི་ཚེས20ཉིན་གྱི་ཆུ་ཚོད་ཀླད་ཀོར་སྟེང་ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་མེ་འཁོར་གཏོང་བའི་འཆར་གཞི་གསར་པ་ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན་གྱི་དུས་ཚོད0ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་མེ་འཁོར་གཏོང་བའི་འཆར་གཞི་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་སྒུལ་འཁོར3ཇེ་མང་དུ་བཏང་ནས། མེ་འཁོར་ཁག་ཅིག་གཏོང་བའི་དུས་ཚོད་དང་འབབ་ཚིགས་ལ་འགྱུར་ལྡོག་བཏང་ཡོད།

ཞིབ་ཕྲའི་སྒོ་ནས་གཞིགས་ན། མེ་འཁོར་གཏོང་བའི་འཆར་གཞི་གསར་པ་ལག་ལེན་དུ་བསྟར་རྗེས། ཞི་ཨན་བྱང་ནས་ཟི་ལིང་བར་གྱི་ཐེངསD2719/20དང་། ཞི་ཨན་བྱང་ནས་ཟི་ལིང་བར་གྱི་ཐེངསD2721/2།  ཟི་ལིང་ནས་མིན་ཡོན་བར་གྱི་ཐེངསD8907/8བཅས་སུ་གཏོང་བའི་མེ་འཁོར་ཇེ་མང་དུ་བཏང་ཡོད། ཐེངསT337དང་ཐེངསK1060  ཐེངསK977   ཐེངསK2188 ཐེངསZ323 ཐེངསZ223  Z152སོགས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས7ལ་འགྱུར་ལྡོག་བྱུང་ཡོད། ཐེངསD55དང་། ཐེངསD2569 ཐེངསD2570 ཐེངསK980/77དང་། ཐེངསK2188/5སོགས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་མེ་འཁོར་ཐེངས30ཡི་འབབ་ཚུགས་ལ་འགྱུར་ལྡོག་བྱུང་ཡོད་པ་རེད།

ས་གནས་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པར་གཞོགས་འདེགས་དང་། སྤ་སེ་ཡང་བསྐྱར་ཉོ་བ་དང་ཕྱིར་བརྗེ་བ་སོགས་ཀྱི་འགྲུལ་བར་སྟབས་བདེ་སྐྲུན་ཆེད། 2021ལོའི་ཟླ2པའི་ཚེས12ཉིན་(ཟླ་དང་པོའི་ཚེས་གཅིག)སྤ་སེ་བཙོང་འགོ་རྩོམ་པ་ནས་བཟུང་། ལྕགས་ལམ་མེ་འཁོར་སྤ་སེ་སྔོན་ལ་བཙོང་བའི་དུས་ཚོད་ཉིན15ཡིན་ལ། ཟླ1པོའི་ཚེས29ཉིན་ནས2021ལོའི་ཟླ2པའི་ཚེས12ཉིན་བར(རྒྱ་ལོའི་ཚེས་གཅིག)བཙོང་རྒྱུ་རེད། ཟླ1པོའི་ཚེས14ཉིན་ནས་ཟླ1པོའི་ཚེས28ཉིན་བར། ཟླ2ཚེས11ཉིན་(གནམ་གང་)དང་དེའི་སྔོན་གྱི་སྤ་སེ་མ་གཏོགས་མི་བཙོང་།

དུས་མཚུངས། ཟླ1པོའི་ཚེས14ཉིན་ནས་བཟུང་འགྲུལ་བས་སྤ་སེ་ཕྱིར་སློག་བྱ་དགོས་ཚེ། སྤ་སེ་ཕྱིར་སློག་པའི་དུས་ཚོད་ཀྱི་དུས་ཡུན་ནི་སྔར་གཏན་འབེབས་བྱས་པའི་མེ་འཁོར་མ་བཏང་སྔོན་གྱི་ཉིན15ཡན་ནས་མེ་འཁོར་མ་བཏང་སྔོན་གྱི་ཉིན8ཡན་བར་ལེགས་སྒྲིག་བྱས་ཡོད་པ་དང་། ཉིན7ནང་ཚུན་ལ་སྤ་སེ་ཕྱིར་སློག་བྱ་དགོས་ཚེ། སྔར་བཞིན་ཆུ་ཚོད48ཡན་དང་། ཆུ་ཚོད48ནས་ཆུ་ཚོད24  ཆུ་ཚོད24ཡི་ནང་སྤ་སེ་ཕྱིར་སློག་གྲོན་དངུལ་བསྡུ་བའི་གཏན་འབེབས་ལག་བསྟར་བྱ་རྒྱུ། འབབ་ཚིགས་སུ་ཡོང་ནས་སྤ་སེ་བརྗེ་སྤོར་དང་བསྒྱུར་བཅོས་བྱེད་པར། བཟོ་བཅོས་གྲོན་དངུལ་བསྡུ་ལེན་མི་བྱེད་པ་མ་ཟད། གནས་ཚུལ་གཞན་དག་ཀྱང་སྔོན་གྱི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།