མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔོན་ལ་མ་དངུལ་སྒོར་དུང་ཕྱུར27.1བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པ་”འགོ་བརྩམས་པའི་ལོ་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་གནད་འགག་གི་ལོ་ཡང་ཡིན། དབུལ་ཐར་ས་ཁུལ་དུ་སྔོན་ལ་འཆར་འགོད་དང་སྦྲེལ་མཐུད་བྱེད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ལས་གཞིའི་རྣམ་གྲངས་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་། ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་པའི་ལས་ཆོད་མཐོ་རུ་གཏོང་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔོན་ལ2021ལོའི་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར27.1བཏང་ནས་དབུལ་ཐར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱས།

གནད་དོན་འབུར་ཐོན་ལ་ཁ་ཕྱོགས་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྒོ་ནས་བགོ་བཤའི་རྒྱུ་རྐྱེན་སྒྲིག་གཞི་འཛུགས་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་དབུལ་ཐར་རྫོང་གི་ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་ཤང་སྡེ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པར་གནས་པའི་གནད་འགག་གི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། ཕྱོགས་གཅིག་ནས་ལོ5ཡི་རིང་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་རྫོང་དབུལ་ཐར་བྱུང་བའི་དུས་ཚོད་དང་། སྲ་བརྟན་མཐོར་འདེགས་བཏང་བའི་གནས་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་གཏོང་དགོས་པ་དང་། ཕྱོགས་གཅིག་ནས་དབུལ་ཐར་རྫོང་དབུལ་བོར་བསྐྱར་ལོག་གི་དཔྱད་ཞིབ་ཚད་ལེན་གནས་ཚུལ་དང་། སྲིད་འཛིན་སྡེ་བའི་གྲངས་ཀ ཐོན་སྐྱེད་འཕེལ་རྒྱས་ཀྱི་གནས་བབ། རྫོང་རིམ་པའི་ནོར་སྲིད་གནས་ཚུལ་གྱི་རྒྱུ་རྐྱེན་སོགས་ལ་བསམ་བློ་བཏང་ནས། བགོ་བཤའི་མཇུག་འབྲས་ཚད་གཞི་དེ་དབུལ་ཐར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་ཤང་སྡེ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་པའི་འགན་འཁུར་གྱི་དགོས་མཁོ་དང་མཐུན་པར་བྱེད་དགོས།

དུས་མཚུངས་སུ། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཀྲུང་དབྱང་པུའུ་ཨུ་ལ་ཧུར་བརྩོན་གྱིསསྲིད་ཇུས་སྦྲེལ་མཐུད་བྱེད་པ་དང་། ཀྲུང་དབྱང་སྲིད་ཇུས་ཁ་ཕྱོགས་ཀྱི་རྗེས་སུ་དམ་པོར་འབྲངས་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་དབུལ་ཐར་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་མཛུབ་སྟོན་བྱེད་པ་དང་། མ་དངུལ་གྱི་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་། ལས་གནས་ལས་ཞུགས་བརྟན་འཇགས། སྡེ་བའི་ནང་གི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་སྤྱད་ནས། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་དང་། དབུལ་ཐར་མང་ཚོགས་དབུལ་པོར་བསྐྱར་ལོག་མི་བྱེད་པར་ཁག་ཐེག དབུལ་ཐར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་ཤང་སྡེ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།