མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཟོ་ཚོགས་ཀྱི་མ་དངུལ་སྒོར་ཁྲི55བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཐད་གཏོགས་ལས་ཁུངས་ཀྱི་ལས་བཟོ་བ300ལ་ཉེ་བར་དྲོད་ཁོལ་སྐྱེལ་བ་དང་། ལུགས་གསར་ལོ་སར་གྱི་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ་ཏེ། ཏང་དང་སྲིད་གཞུང་གི་བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁོལ་དེས་ལས་བཟོ་བའི་དངོས་ཡོད་དཀའ་ཁག་སེལ།

ལུགས་གསར་ལོ་སར་གྱི་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་ལེགས་པོར་སྒྲུབ་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། བྱེད་ཐབས་གཏན་འཁེལ་དང་། རྣམ་པ་འདྲ་མིན་གྱིས་ནད་རིགས་ཆེ་གྲས་ཕོག་པ་དང་རིགས་སོ་སོའི་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་བྱུང་བ། ལས་བཟོ་སྐབས་ཀྱི་རྨས་སྐྱོན་དང་གཞུང་དོན་དུ་རང་སྲོག་ཤོར་མཁན་གྱི་ཁྱིམ་བདག དེ་མིན་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཀའ་སྡུག་གི་ལས་བཟོ་ཡུལ་དངོས་ཀྱི་ལས་བཟོ་བར་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ་ནས། རྒྱ་ཆེའི་ལས་བཟོ་བར་ཏང་དང་སྲིད་གཞུང་གི་བཟོ་ཚོགས་རྩ་འཛུགས་ཀྱི་བརྩེ་སེམས་དྲོན་མོ་བསྐྱལ་བ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།