དགུན་དུས་ཀྱི་མདོ་ལའི་ཡུལ་སྐོར་རྣམ་པ་གསར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན། “དགུན་དཔྱིད་དུས་ཀྱི་ཡུལ་སྐོར·མཚོ་བྱང་དུ་འགྲོ”ཞེས་པའམ“མཁའ་མཐའི་མདོ་ལ·གངས་འཁྱགས”ཞེས་པའི་བྱེད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་པཱ་པའོ་གྲོང་རྡལ་ར་དུང་ཀླད་གྲོང་ཚོར་སྤེལ་འགོ་ཚུགས་པ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་མདོ་ལ་རྫོང་གི་དགུན་དུས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ནས“ལུས་རྩལ+ཡུལ་སྐོར”གྱི་སྤུས་རྟགས་བྱེད་སྒོ་རྒྱུན་མཐུད་ངང་བཏོད་དེ། མདོ་ལའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་འགྲེམས་སྟོན་བྱས་ནས། “མཁའ་མཐའི་མདོ་ལ”ཡི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་རྒྱུ་དེ་རེད། 

 

མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལུང་ཡུན་ཧྲིན་གྱིས་བཤད་རྒྱུར། ཐེངས་འདིའི་བྱེད་སྒོ་ནི་ང་ཚོས་གངས་འཁྱགས་ཀྱི་དཔལ་འབྱོར་འཚོལ་ཞིབ་དང་ས་ཁོངས་ཧྲིལ་བོར་དུས་ཚིགས་ཧྲིལ་བོ་དང་དུས་ཚོད་ཧྲིལ་བོའི‘ཧྲིལ་བོ་གསུམ’གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བརྩམས་ཆོས་ཐོག་མ་’དེ་ཡིན་ལ། དགུན་དཔྱིད་དུས་ཀྱི་ཡུལ་སྐོར·མཚོ་བྱང་ལ་འགྲོ’ཞེས་པའི་རིམ་བསྟར་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཡིན། ‘གངས་རི་འཁྱགས་རོམ་ཡང་གསེར་རི་དངུལ་རི་ཡིན་པའི’འདུ་ཤེས་གསར་པ་མདོ་ལ་ནས་གསོན་ཉམས་དོད་པའི་ལག་ལེན་བྱས་པ་ཞིག་ཀྱང་ཡིན། ང་ཚོས‘ཁ་བ་དཀར་བོ་དངུལ་ལ་བརྗེ’བའི་ལས་དོན་ཡག་པོར་བསྒྲུབས་ནས‘འཁྱགས་པའི་ཐོན་ཁུངས’དེ‘ཐོན་ལས་ཚ་རླབས’སུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

ཐེངས་འདིའི་བྱེད་སྒོ་དེའང2021ལོར་མདོ་ལ་རྫོང་གིས‘གངས་འཁྱགས་ཀྱི་གྲོང་རྡལ་ཆུང་ངུ’གཏོད་པའི་ཚོད་ལྟའི་བྱེད་སྒོ་ཞིག་ཡིན་པ་དང་། གངས་འཁྱགས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཏོད་རྒྱུ་གཞི་རྟེན་དུ་བྱས་ཏེ་ལུས་རྩལ་འགྲན་བསྡུར་དང་འཁྲབ་སྟོན་ཐོན་ལས་ཆེད་ལས་ཅན་དང་སྤུས་རྟགས་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་གཏང་རྒྱུ་རེད། །  

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།