ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གིས་ཉེན་ཚབས་ཆེ་བའི་སྦྲུམ་མའི་ལྟ་སྲུང་སྨན་བཅོས་ཁང་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེན་ཚབས་ཆེ་བའི་སྦྲུམ་མ་མྱུར་སྐྱོབ་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། མ་བུའི་བདེ་འཇགས་ལ་འགན་སྲུང་བྱེད་པ། སྦྲུམ་མ་དང་ཕྲུ་གུའི་ཚེ་སྲོག་ཤོར་ཚད་ཇེ་དམའ་རུ་གཏོང་ཆེད། ཉེ་ཆར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གིས་ཉེན་ཚབས་ཆེ་བའི་སྦྲུམ་མའི་རིགས་ལྟ་སྲུང་བྱེད་པའི་སྨན་བཅོས་ཁང་(MICU)གི་སྒོ་བྱང་དངོས་སུ་བཀལ།

ཉེ་བའི་ལོ་འགའི་རིང་ཡུས་ཧྲུའུ་ཁུལ་གྱིས་ལོ་ན་མཐོ་བའི་སྦྲུམ་མའི་བསྡུར་ཚད་ཇེ་མཐོར་སོང་བ་དང་མངལ་སྦྲུམ་དུས་ཀྱི་ཕྱོགས་བསྡུས་ནད་བྱུང་བ་དང་དེར་འབྲེལ་གྱི་ནད་བྱུང་བའི་ཉེན་ཁ་ཆེ་རུ་ཕྱིན་པ་དང་བསྟུན། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་འགན་ཇེ་ལྗིད་སོང་ཡོད་པ་རེད། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གིས་སྦྲུམ་མར་ལྟ་སྐྱོང་བྱེད་པའི་སྨན་བཅོས་ཁང་བཙུགས་ནས། ཉེན་ཚབས་ཆེ་བའི་སྦྲུམ་མའི་ནད་སྔོན་ལ་ཤེས་རྟོགས་དང་། སྔ་མོ་ནས་སྨན་ཁང་བརྗེ་བ། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་ལ་འགན་ལེན་བྱས་ཏེ། ས་གནས་དེ་གའི་ཉེན་ཚབས་ཆེ་བའི་སྦྲུམ་མའི་ཉེན་ཁ་ཆུང་དུ་གཏོང་བ་དང་། སྲོག་སྐྱོབ་སྨན་བཅོས་ལེགས་འགྲུབ་ཡོང་ཚད་དང་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་།

རྗེས་ཕྱོགས་སྨན་ཁང་གིས་སྦྲུམ་མའི་ལྟ་སྐྱོང་སྨན་བཅོས་ཁང་སྦྲེལ་ཐག་ཏུ་བཟུང་ནས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་། པེ་ཅིན་དང་མཚོ་སྔོན་ལྷོ་ཕྱོགས་ཆེད་མཁས་པའི་ཁ་གཏད་རོགས་སྐྱོར་འོག་ལག་རྩལ་མཉམ་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་། ཆེད་ལས་ཚན་ཞིབ་མནའ་འབྲེལ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།