མཱ་ཧའེ་དབྱིན་གྱིས་ལས་དོན་གྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས་འདེམས་བསྐོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན་ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཧའེ་དབྱིན་འབྲི་སྟོད་རྫོང་གི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་བྱེད་པར་ཕེབས་པ་རེད། ཁོང་གིས་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་གྲོང་རྡལ་གྱི་སྡེ་ཁུལ་དང་། སྟོད་ཚེ་ཤང་འདམ་ལྗོངས་གཞུང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་ཡུལ་དུ་ཡུལ་དངོས་བརྟག་དཔྱད་ལ་ཕེབས་ཏེ་གྲོང་ཚོའི་ལས་འཁྱུར་ལས་བྱེད་པར་འཚམས་འདྲི་བྱས་པ་དང་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་གནས་ཚུལ་གྱི་སྙན་ཞུར་གསན་པ་རེད། 

མཱ་ཧའེ་དབྱིན་གྱིས་འབྲི་སྟོད་རྫོང་གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བཀོད་སྒྲིག་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཡོད་ལ། “བཟང་གསུམ་སྟོབས་གསུམ་ཕུལ་བྱུང་གསུམ”གྱི་དམིགས་ཚད་ལྟར་རྩ་འཛུགས་ཀྱི་འགོ་ཁྲིད་གནད་ལ་ཁེལ་བ་དང་། ལས་དོན་བཀོད་སྒྲིག་གནད་ལ་ཁེལ་བ། འོས་མི་གཏན་འཁེལ་གནད་ལ་ཁེལ་བ། འགན་འཁྲི་དོན་འཁྱོལ་གནད་ལ་ཁེལ་བ། དྲིལ་བསྒྲགས་ལས་དོན་གནད་ལ་ཁེལ་བ། འབྲེལ་གཏུག་ལྟ་སྐུལ་གནད་ལ་ཁེལ་བ་བཅས་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་ལས་འགན་ལེགས་སྒྲུབ་བྱ་ཆེད་རྨང་གཞི་འདིང་དགོས། 

མཱ་ཧའེ་དབྱིན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ་གཙོ་གནད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ལས་ཀའི་འགན་འཁྲི་རིམ་པ་བཞིན་ཇེ་ནན་དུ་གཏོང་དགོས། བཅའ་ཁྲིམས་ཀྱི་གཏན་འབེབས་གོ་རིམ་ནན་ཏན་སྒོས་བརྩིས་ནས་འདེམས་བསྐོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྤྱོད་གཙང་གཞུང་དྲང་ཡོང་བར་འགན་ལེན་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་གི་འདུ་ཤེས་སྐོར་གྱི་སློབ་གསོར་ཤུགས་སྣོན་བྱས་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། གྲོང་སྡེའི་(སྡེ་ཁུལ་)འགོ་ཁྲིད་དང་འགན་ལེན་ལྟ་སྐུལ་འགོ་ཁྲིད་ཚོ་ཆུང་གིས་སྐབས་མ་བརྗེས་སྔོན་གྱི་ཞིབ་བཤེར་དང་སྐབས་བརྗེའི་ཁྲོད་ཀྱི་ཁྲིད་སྟོན། སྐབས་བརྗེས་རྗེས་ཀྱི་ལྟ་སྐུལ་བཅས་ཀྱི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས། གསར་དུ་ལས་འགན་ཁུར་བའི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཚན་ཁག་གི་སློབ་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འདེམས་བསྐོའི་རྗེས་མཐུད་འབྲེལ་མཐུད་ཡག་པོ་ཡོང་བ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།