མཚོ་བྱང་ཆི་ལེན་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྒྱུན་རྣམ་ཅན་དུ་གྱུར་བ།

6.jpg

4.jpg

2.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མདོ་ལ་རིང་མོ་ནི་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་མ་ཟད། རྨ་ཆུའི་བཞུར་རྒྱུད་ཀྱི་འབྱུང་ཁུངས་གཙོ་བོ་དང་རང་རྒྱལ་གྱིས་ཐོག་མར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང10ནང་གི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གྲས་ཤིག་ཀྱང་ཡིན།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་སུ་ཆགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་འབད་བརྩོན་ལྷོད་མེད་ཀྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་སྐུལ་འདེད་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྱོང་ཐད་ཤུགས་སྣོན་པ་བརྒྱུད་སྐྱེ་ཁམས་སྲུང་སྐྱོང་བྱ་ཐབས་ཆེས་ནན་མོ་སྤྱད་པ་དང་། རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་ལྟ་སྐུལ་ལམ་ལུགས་བཙུགས་ཏེ་འཁྱགས་རོམ་དང་གངས་རི། ནགས་ཚལ་དང་རྩྭ་ཐང་། གཏེར་རི་དང་ས་ཞིང་། ཆུ་ཀླུང་དང་མཚོ་རྒྱུད་སོགས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་། 

མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ཆུ་ཁུངས་གསོ་སྐྱོང་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་སྲུང་སྐྱོང་ལས་གཞི་སོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད། ཆི་ལེན་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ནང་བཞག་སྟེ། “རི་ལྗང་ཆུ་དྭངས་ནི་གསར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་པོར་བཙུགས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།