མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས2020ལོའི་གཞུང་ཞབས་པའི་དཔྱད་ཞིབ་ལས་དོན་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར།  མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས《2020ལོའི་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་དཔྱད་ཞིབ་ལས་དོན་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》འགྲེམས་སྤེལ་བྱས་པ་དང་།  ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི2020ལོའི་གཞུང་ཞབས་པའི་དཔྱད་ཞིབ་བྱ་བ་བཀོད་སྒྲིག་བྱས་པ་དང་།  དེའི་དམིགས་ཡུལ་ནི་ཡང་དག་པའི་སྒོ་ནས་རྒྱ་ཆེའི་གཞུང་ཞབས་པའི་འཇོན་ཐང་མངོན་འགྱུར་དང་བྱ་བའི་གྲུབ་འབྲས་དངོས་ལ་གདེངས་འཇོག་བྱས་ཏེ།  རྒྱུན་མཐུན་ངང་བློ་དཀར་གཞུང་དྲང་གིས་འགན་འཁྲི་འཁུར་ཐུབ་པ་དང་སྤུས་ཚད་མཐོ་བའི་ཆེད་མཁས་ཅན་གྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རེད།

གོང་གི་བརྡ་སྦྱོར་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས“དཔྱད་ཞིབ་བརྒྱུད་རིམ་དང་དཔྱད་ཞིབ་རྒྱུ་སྤུས་ཇེ་མཐོར་གཏོང་བ”ཞེས་པ་དམིགས་འབེན་དུ་བཟུང་སྟེ།   གཟབ་ནན་དང་གཅེས་སྐྱོང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་།  སྐུལ་ལྕག་དང་ཚོད་འཛིན་གཙིགས་སུ་བཟུང་ནས་སྤྱིའི་བླང་བྱ་དང་དཔྱད་ཞིབ་ཁྱབ་ཁོངས།  དཔྱད་ཞིབ་ནང་དོན།  དཔྱད་ཞིབ་བརྒྱུད་རིམ།   མཇུག་འབྲས་གཏན་འཁེལ།  དཔྱད་ཞིབ་ཐོ་འགོད།  བྱས་རྗེས་ཐོ་འགོད།  བྱ་བའི་བླང་བྱ་བཅས་ཕྱོགས་བརྒྱད་ལ་གཞིགས་ནས་དངོས་བརྩོན་ནུས་ལྡན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་དཔྱད་ཞིབ་ཐབས་བཀོད་ཞིབ་འཇུག་དང་གཏན་འཁེལ་བྱ་རྒྱུ་རེད།  དེའི་ཁྲོད་དུ་དཔྱད་ཞིབ་བརྒྱུད་རིམ་གྱི་ལས་འགན་འགྲུབ་ཚུལ་གྱི་སྤྱི་བསྡོམས་དང་དམངས་གཙོ་དཔྱད་འཇོག  དོན་དངོས་ལ་རྒྱུས་ལོན་བྱེད་པ།  ཞིབ་བཤེར་དཔྱད་འཇོག  ཨང་རིམ་གཏན་འཁེལ་བཅསཀྱི་བྱ་བའི་གོ་རིམ་ལྔ་བརྒྱུད་ནས་ཁ་གསལ་བཟོས་པ་དང་།  མཇུག་འབྲས་གཏན་འཁེལ་ཁྲོད་རྒྱུན་ལྡན་གྱི་བྱ་བའི་གྲུབ་འབྲས་ཀྱིས་ལོ་མཇུག་གི་བྱ་བའི་སྤྱི་བསྡོམས་ཁྲོད་ཀྱི60%ཟིན་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།