མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་པ་དང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིན་ཁྲང་ཞིང་གིས་ཚོགས་འདུར་མགོ་འཛིན་བྱས།

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་ལག་བསྟར་དོན་འཁྱོལ་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་འབྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ལོ་རྒྱུས་དང་དོན་དངོས། གཞུང་ལུགས་དང་ལག་ལེན། རྒྱལ་ནང་དང་རྒྱལ་སྤྱི་བཅས་ཟུང་དུ་སྦྲེལ་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཞུགས་པའི་གཞི་འཛིན་ས་གཙོ་བོ་དང་དམིགས་འབེན་བླང་བྱར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ཡོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་བླང་བྱ་གསར་པ་རྒྱས་བཤད་བྱས་ཡོད་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་བསྐྲུན་པའི་འབད་བརྩོན་གྱི་ཁ་ཕྱོགས་གསལ་བཤད་བྱས་ཡོད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བའི་ཁ་ཕྱོགས་རང་བཞིན་དང་རྩ་བ་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་བཏབ་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་འོད་སྣང་འཕྲོ་བའི་ཡིག་ཚགས་ཤིག་ཡིན་ལ། དེ་ང་ཚོས་གོ་སྐབས་དང་འགྲན་རྩོད་གསར་པར་ངོས་འཛིན་ཟབ་མོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་བསྐྲུན་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་མཛུབ་སྟོན་གྱི་དོན་སྙིང་ཟབ་མོ་ལྡན་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་དུ་སྦྲེལ་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་དུ་སྦྲེལ་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཞུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་བཅས་ཀྱི་གཞུང་ལུགས་ཀྱི་གཏན་ཚིགས་དང་ལོ་རྒྱུས་ཀྱི་གཏན་ཚིགས། དོན་དངོས་ཀྱི་གཏན་ཚིགས་བཅས་ལ་རྒྱུས་ལོན་བཟང་པོ་བྱེད་པ་དང་། གསར་པ་གསུམ་གྱིས་ཚན་རིག་གི་ནང་དོན་དང་དགོངས་དོན་གྱི་སྙིང་པོ། ངོ་བོའི་ཁྱད་ཆོས། ནང་གནས་ཀྱི་བླང་བྱ་བཅས་ལ་རྒྱུས་ལོན་བཟང་པོ་བྱེད་པ། གསར་པ་གསུམ་གྱི་རྩ་བའི་བླང་བྱ་དང་ནུས་ལྡན་འབྲེལ་འདྲིས་ལ་རྒྱུས་ལོན་བཟང་པོ་བྱེད་པ་བཅས་བྱས་ཏེ། སྔར་ལས་བློ་རྩ་བརྟན་པོས་སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་དགོས་པ་དང་། སྔར་ལས་ཏན་ཏིག་གི་བྱ་སྤྱོད་ལ་བརྟེན་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་བཟང་པོ་བྱེད་དགོས། སློབ་སྦྱོང་གི་གྲུབ་འབྲས་བསྒྱུར་སྤོར་ཐད་འབད་བརྩོན་བྱས་ཏེ། ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ནས། སྤྱི་ཡོངས་ཀྱི་འོག་ཏུ་བསམ་གཞིགས་གཏོང་བ་དང་སྤྱི་ཡོངས་ཀྱི་འོག་ཏུ་འགུལ་སྐྱོད་སྤེལ་དགོས་ལ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྦྱར་ནས། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞིའི་རྩ་གནད་དང་། ཞིང་ཆེན་རིམ་པའི་ཆེད་དོན་འཆར་འགོད་གལ་ཆེན། ས་ཁུལ་གྱི་འཆར་འགོད་བཅས་ལ་ཡང་བསྐྱར་བཟོ་བཅོས་བྱེད་པ་དང་ཡང་བསྐྱར་འཐུས་ཚང་དུ་གཏོང་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་གནད་དོན་ལ་དམིགས་ནས་ཇུས་འགོད་ལ་ཤུགས་སྣོན་པ་དང་། གནད་དོན་འཚོལ་བའི་ནུས་པ་དང་གནད་དོན་ལ་གདོང་གཏོད་པའི་སྤོབས་པ། གནད་དོན་ལ་དབྱེ་ཞིབ་བྱེད་པའི་བློ་གྲོས། གནད་དོན་ཐག་གཅོད་པའི་བྱ་སྤྱོད་བཅས་ལ་བརྟེན་ནས། འགྱུར་ལྡོག་རྟོགས་པ་དང་འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་སྙེག་པ་བཅས་བྱས་ཏེ། ཉེན་ཁའི་ཁྲོད་ནས་གོ་སྐབས་འཚོལ་དགོས་ལ་འགྱུར་ལྡོག་ཁྲོད་ནས་གནས་བབ་གསར་པ་འབྱེད་དགོས། བྱ་བ་དམ་འཛིན་བཟང་པོ་བྱེད་པའི་ཐད་ནས་གྲུབ་འབྲས་ཡོད་པར་བྱས་ཏེ། ད་ལོའི་དཔལ་འབྱོར་བྱ་བའི་ལས་འགན་ལྕི་བ་དང་དཀའ་ཚེགས་ཆེ་བ། རེ་བ་མཐོ་བ། དེས་མི་ཚད་གཏན་འཇགས་མིན་པ་དང་ངེས་གཏན་མེ་པའི་རྒྱུ་རྐྱེན་སྔར་བཞིན་མང་བ་བཅས་ཀྱི་དོན་དངོས་ལ་རྐང་བཙུགས་ནས། འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བྱ་བ་རྣལ་མ་དང་ཞིབ་མོར་བསྒྲུབ་སྟེ། ཕུགས་བསམ་མངོན་འགྱུར་གྱི་ངར་ཤུགས་ལ་བརྟེན་ནས་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་པོ་རྩོམ་པར་ཁག་ཐེག་བྱེད་དགོས། དེང་སྐབས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་འགོག་པ་དང་འདོན་སྤྲོད་སྲུང་བ། དམངས་ཚིས་སྲུང་བ། བདེ་འཇགས་སྲུང་བ། གཏན་འཇགས་སྲུང་བ་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།