ལིས་ཅེ་ཞང་གིས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པར་ཤུགས་རྒྱག་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་བྱ་བའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་། 2021ལོའི་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ལིས་ཅེ་ཞང་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ནི་བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེའི་ནང་གི་དོན་ཆེན་ཡིན་ལ། ཁྱིམ་ཚང་ཁྲི་སྟོང་མང་པོའི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་ཡོད། 2020ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། འགོ་ཁུངས་བཅོས་སྐྱོང་དང་མ་ལག་ཚང་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པས་མཐོ་རུ་བཏང་སྟེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་པ་ལྡན་པའི་སྲུང་སྐྱོང་བྱེད་དགོས་པར་བསྟན།

ལིས་ཅེ་ཞང་གིས་ད་ལོ་ནི་ཏང་བཙུགས་ནས་ལོ་ངོ100འཁོར་བའི་དུས་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། ལངས་ཕྱོགས་མཐོ་རུ་གཏོང་བ། ཉེན་མེད་ཐོན་སྐྱེད་ཀྱི་ལས་ཀ་དམ་འཛིན་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ། ཧུར་ཐག་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པར་མ་ཟད། མ་མཐའི་མཚམས་ཐིག་གི་བསམ་བློ་མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་མི་འབྱུང་བའི་ལས་ཀའི་མ་མཐའི་མཚམས་ཐིག་ནན་གྱིས་སྲུང་པ། མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་བསྣན་ནས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང། འགན་འཁྲི་ནན་གྱིས་འཁུར་བ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་ནུས་པའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། དགུན་དུས་དང་དཔྱིད་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་མངོན་གསལ་དོད་པོ་ཡོང་བ་དང་། གཙོ་གནད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གཞུང་ལམ་གཙོ་བོའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་བབ་རྒྱུན་མཐུད་ངང་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།