ཡུལ་ཤུལ་གནོད་འགོག་རྒུད་སྐྱོབ་རྗེས་དྲན་ཁང་མཚོ་སྔོན་ཞིང་ཆེན་ན་གཞོན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དྲིལ་བསྒྲགས་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱས་པའི“མཚོ་སྔོན་ཞིང་ཆེན་ན་གཞོན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”ཡུལ་ཤུལ་གནོད་འགོག་རྒུད་སྐྱོབ་རྗེས་དྲན་ཁང་དུ་སྒོ་བྱང་བཀལ། 

རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ནི་རྒྱ་ཆེའི་ན་གཞོན་རྣམས་ཀྱི་མེས་རྒྱལ་གྱི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ་དང་གསར་བརྗེའི་སྲོལ་རྒྱུན་ལ་སློབ་སྦྱོང་བྱེད་པ། རྒྱལ་གཅེས་བརྩེ་བ་མཐོར་འདེགས་སུ་གཏོང་བ། མི་རིགས་སྙིང་སྟོབས་གསོ་སྐྱོང་བྱེད་པ་དང་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་གནས་གཞི་ཁྱད་པར་ཅན་ཡིན་པ་མ་ཟད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་སའི་གནས་གལ་ཆེན་དང་བསླབ་གཞི་གཙོ་བོ་ཞིག་ཀྱང་ཡིན། 

ཡུལ་ཤུལ་ཁུལ་གནོད་འགོག་རྒུད་སྐྱོབ་རྗེས་དྲན་ཁང་གི་འགོ་གཙོ་གཡུ་འབྲུག་ཚེ་རིང་གིས་ཡུལ་ཤུལ་ཁུལ་གནོད་འགོག་རྒུད་སྐྱོབ་རྗེས་དྲན་ཁང་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟེངས་བསྟོད་མཚན་སྙན་མང་པོ་ཐོབ་མྱོང་བ་དང་།  ཐེངས་འདིར“མཚོ་སྔོན་ཞིང་ཆེན་ན་གཞོན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”བདམས་ཐོན་བྱུང་བར་ང་ཚོའི་བྱ་བར་སྐུལ་ལྕག་ཆེན་པོ་ཐེབས་ཡོད་པ་མ་ཟད། ང་ཚོའི་ཕྲག་གི་འགན་ཁུར་ཀྱང་ཇེ་ལྗིད་ལ་སོང་ཡོད། རྗེས་མ་ང་ཚོས་མུ་མཐུད་དུ་ལས་གནས་སྟེང་ནས་འབད་འབུངས་བྱས་ཏེ།  “རྒྱལ་ཡོངས་ཀྱི་ན་གཞོན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”རུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།