ཡུས་ཧྲུའུ་གནམ་གྲུ་ཐང་རྒྱས་སྐྲུན་བྱེད་པའི་ལས་གཞིའི་ལོ་འཁོར་མ་དངུལ་གཏོང་བའི་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2020ལོའི་ལོ་མཇུག་ཏུ་ཡུས་ཧྲུའུ་དཔལ་ཐང་གནམ་གྲུ་ཐང་རྒྱས་སྐྲུན་བྱེད་པའི་ལས་གཞི་ལོ་འགོར་སྒོར་དུང་ཕྱུར1.3གྱི་མ་དངུལ་གཏོང་བའི་དམིགས་ཚད་གཏན་ལ་ཕབ་པ་བདེ་བླག་ངང་མངོན་འགྱུར་བྱུང་རྗེས་མ་དངུལ་གཏོང་གྲངས་སྒོར་དུང་ཕྱུར1.5ལས་བརྒལ་བ།

ཡུས་ཧྲུའུ་གནམ་གྲུ་ཐང་རྒྱས་སྐྲུན་ལས་གཞི་ནི་རང་རེའི་ཞིང་ཆེན་གྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་གཙོ་གནད་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས་ཤིག་ཡིན་པ་དང་། ལས་གཞི་སྤྱིའི་མ་དངུལ་གཏོང་གྲངས་སྒོར་དུང་ཕྱུར4.7383དང་། རྒྱས་སྐྲུན་འཆར་གཞི་ལོ་ངོ3ཡིན་ལ། རྒྱས་སྐྲུན་ལས་གཞི་འདི2019ལོའི་ཟླ10པར་འགོ་བརྩམས་པ་དང་། 2022ལོའི་ཟླ10པར་མཇུག་སྒྲིལ་བའི་འཆར་གཞི་རེད། ལས་གཞི་2020ལོའི་ཟླ3པའི་ཚེས6ཉིན་རྒྱས་སྐྲུན་སླར་གསོ་བྱས་པ་ནས་བཟུང་། ལོ་དེའི་ནང་རྨང་འདིང་བའི་ལས་ཀ་ལེགས་འགྲུབ་བྱུང་བ་དང་། གསར་དུ་བསྐྲུན་པའི་ས་ཚིགས་ཀྱི40%ལེགས་འགྲུབ་བྱུང་། སྐོར་སྐྱོད་ཐང་གི་ལས་གཞིའི་ཚད70%དང་ཆུ་ཕུད་ལས་གཞིའི50%ལེགས་འགྲུབ་བྱུང་། མཁའ་འགྲུལ་ས་ཚིགས་སུ་གསར་དུ་བསྐྲུན་པའི་ཕྱོགས་བསྡུས་ལས་སྒོའི་ཐོག་ཁང་དང་། དབྱང་རླུང་འཕྲུལ་ཆས་ཁང་། གད་སྙིགས་དབོར་སྐྱེལ་ས་ཚིགས། ཁྲོ་ཐབ་ཁང་། ཆུ་འདྲེན་འཕྲུལ་ཆས་ཁང་སོགས་ཡན་ལག་ཐོག་ཁང་རྐྱང་པའི་ལས་གཞི་ཚང་མ་འཛུགས་སྐྲུན་བྱས་ཚར་བ་རེད། གཞན་ཡང་དེའི་ཐོག་མའི་ལས་གཞིའི་འཆར་འགོད་ཕུད་འཕུར་སྐྱོད་ཁུལ་གྱི་མེ་ཟོན་ལས་གཞིའི་དོ་དམ་དྲ་རྒྱ93%བཏིང་བ་དང་། མེ་ཟོན་ཁྲོན་དཔྱང་སྒྲིག་སྦྱོར95%ལེགས་འགྲུབ་བྱུང་ནས། གསར་སྐྲུན་ས་ཚིགས་ཀྱི40%ལེགས་འགྲུབ་བྱུང་ཡོད།

2021ལོར་མཚོ་སྔོན་ཞིང་ཆེན་གནམ་གྲུ་ཐང་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་འཆར་གཞི་ནི་ཟླ3པར་ལས་ཀ་སླར་གསོ་བྱེད་པར་གྲ་སྒྲིག་དང་། ཟླ4པར་ཕྱོགས་ཡོངས་ནས་ལས་ཀ་སླར་གསོ་འཛུགས་སྐྲུན་དང་ལོ་ཧྲིལ་བོའི་ནང་མ་དངུལ་སྒོར་དུང་ཕྱུར1.38གཏང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།