མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུའི་དྲ་འཇུག་བྱ་བ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བ8ཙམ་ལ་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ཀྱི་བཀོལ་སྤྱོད་མ་ལག་ཚང་མ་གསར་སྤེལ་བྱས་ནས་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་། ཟླ1པའི་ཚེས5ཉིན་ཟི་ལིང་གྲོང་ཁྱེར་དུ་ཐོག་མར་ཆ་འཕྲིན་ལས་སྟེགས་སྤྱོད་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ཟླ་གསུམ་པའི་ཟླ་མཇུག་ཏུ་ཞིང་ཆེན་ཡོངས་སུ་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད། 

 ཤེས་གསལ་ལྟར་ན། སྨན་བཅོས་འགན་བཅོལ་ཆ་འཕྲིན་སྟེགས་བུ་བསྐྲུན་རྒྱུ་ནི“སྨན་བཅོས་ལྔ་མཉམ་འགུལ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་འགན་ལེན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་རྩལ་གྱི་བྱེད་ཐབས་གལ་ཆེན་ཞིག་རེད། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྨན་བཅོས་འགན་བཅོལ་ཅུའུ་དང་གནས་གཏན་སྨན་བཅོས་སྒྲིག་གཞི་ཁག མ་ལག་གི་ཐོན་འབྱེད་ཚོང་པའི་ལས་ཁུངས་བཅས་ཀྱིས་མཉམ་ལས་དམ་ཟབ་དང་གཞོགས་འདེགས་ཧུར་ཐག་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་ཏེ་ཚོད་ལྟའི་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས་ནས་ཞིང་ཆེན་ཡོངས་ཀྱི་དྲ་འཇུག་བཀོད་སྤྱོད་ལ་ཉམས་མྱོང་གསོགས། སྨན་ཁང་གིHISམ་ལག་དང་ཆ་འཕྲིན་ལས་སྟེགས་འབྲེལ་མཐུད་ཡག་པོ་ཡོང་བ་ནན་འཛིན་བྱས་ཤིང་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ལས་སྒོའི་ཨང་སྒྲིག་ཚད་གཞི་གསར་པ15ལག་བསྟར་དང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་བེད་སྤྱོད་བྱ་རྒྱུ་ཁྱབ་གདལ་ཤུགས་ཆེན་བཏང་ནས་མང་ཚོགས་ལ་དངོས་ཕན་ཐོབ་པ་དང་སྨན་ཁང་འཕེལ་རྒྱས་འགྲོ་བ། སྨན་དོན་མི་སྣར་ལྕག་སྐུལ་གཏོང་པ། ཏང་དང་སྲིད་གཞུང་ལ་དམངས་སེམས་ཐོབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ལས་དོན་གྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།