མཚོ་ནུབ་ཁུལ་གྱི་ཀྲེ་ཅང་གི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཆེད་ལས་མཁས་པ་སྐོར་བཞི་པས་རོགས་སྐྱོར་ལས་འགན་ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཆེད་མཁས་པའི་སྐོར་ཁག་བཞི་པས་རོགས་སྐྱོར་ལས་འགན་ཡོངས་སུ་ལེགས་འགྲུབ་བྱས་པ་དང་། ལིའང་ཀྲུང་དང་ཀྲུང་ཧུའེ་སོགས་ཆེད་ལས་མཁས་པ་དྲུག་ལ“མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཕུལ་བྱུང་ལས་བཟོ་པའི་”གཟི་བརྗིད་མཚན་སྙན་སྤྲད་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཆེད་མཁས་པའི་སྐོར་ཁག་བཞི་པ2019ལོའི་ཟླ8པར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་འབྱོར་རྗེས། ཁུལ་མི་དམངས་སྨན་ཁང་རིམ་པ་གསུམ་པར་ཞིབ་བཤེར་བྱེད་པའི་ལས་ཀ་ལེགས་སྒྲུབ་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ཏེ། བུད་མེད་ཚན་ཁག་དང་བྱིས་པའི་ཚན་ཁག ནད་ལྕིའི་ཚན་ཁག་བཅས་ཚད་ལྡན་ཅན་གྱི་ཚན་ཁག་འཛུགས་སྐྲུན་དང་། དབུགས་འབྱིན་རྔུབ་དང་ཉེན་ཁ་ཆེ་བའི་སྨན་བཅོས་རིག་གཞུང་ཚན་ཁག་འཛུགས་སྐྲུན་བྱེད་པའི(PCCM)སོགས་རྒྱལ་ཡོངས་ཀྱི་གཞི་རིམ་ཕུལ་བྱུང་ལས་ཁུངས་ལས་གཞིའི་རྣམ་གྲངས་ལ་བརྩོན་ལེན་བྱས། 

མཚོ་ནུབ་ཁུལ་ཡོངས་ཀྱི་སྨན་བཅོས་ཆུ་ཚད་མཐོར་འདེགས་གཏོང་ཆེད། སྨན་བཅོས་རོགས་སྐྱོར་ཆེད་མཁས་པའི་ཚོགས་པས“ཆེད་མཁས་པའི་མནའ་འབྲེལ་”བཙུགས་ཏེ། སྨན་བཅོས་ཆེད་མཁས་པ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས་རིག་གཞུང་ཚན་ཆུང10རུ་བགོས་ཤིང་། མཚོ་སྔོན་རོགས་སྐྱོར་ཆེད་མཁས་པས་ཙུའུ་ཀྲང་གི་འགན་ཁུར་ཏེ། སྒོ་ཁར་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རོགས་སྐྱོར་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པས། ས་གནས་དེ་གའི་མང་ཚོགས་ལ་སྨན་བཅོས་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བར་རོགས་རམ་བྱས་ནས། ས་གནས་དེ་གའི་མང་ཚོགས་སྔར་ལས་མང་པོ་སྒོ་ཕྱིར་འགྲོ་མི་དགོས་པར་འཕེལ་རྒྱས་ཆེ་བའི་ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་བྱེད་དུ་བཅུག་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།