མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་ལས་གཉེར་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་ལས་གཉེར་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ལས་དོན་ལས་ཁུངས་དང་ལས་ཁུངས་རྩ་འཛུགས་ཀྱི་མི་དོན་སྡེ་ཁག་གི་ལས་བྱེད་པ་210ཉེ་བ་གསོ་སྦྱོང་ཁྲོད་ཞུགས། 

ཤེས་གསལ་བྱུང་བ་ལྟར་ན།ཐེངས་འདིའི་གསོ་སྦྱོང་གིས་ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་ཐེངས་བཅོ་ལྔ་བ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་མི་འདེམས་མི་བཀོལ་ཆེད་སྤྱོད་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་དང་མི་འདང་སར་དམིགས་ཏེ། འབྲེལ་ཡོད་ལས་གཉེར་གསོ་སྦྱོང་སྤེལ། གསོ་སྦྱོང་འཛིན་གྲྭས་དུས་སྐབས་སྔོན་མའི་རྒྱུས་ལོན་བྱས་པའི་གསོ་སྦྱོང་གི་དགོས་མཁོ་དང་ཟུང་འབྲེལ་སྒོས། སློབ་ཁྲིད་སྒྲིག་བཀོད་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཆེད་དོན་ཟུར་ཁྲིད་འདུས་ཤིང་། རྐང་འཛིན་ལས་བྱེད་པ་མངགས་ནས་སོ་སོར་《ལས་བྱེད་པ་བསྐོ་འཐེན་སྲོལ་ཡིག》དང་། 《གཞུང་ཞབས་པའི་བཅའ་ཁྲིམས》《ལས་བྱེད་པའི་བསྐོ་འཐེན་བྱ་བའི་ལྟ་སྐུལ་ཞིབ་བཤེར་དང་ལས་འགན་རྩད་གཅོད་བྱ་ཐབས》སོགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་ཀློག་འགྲེལ་བྱས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།