​མཚོ་སྔོན་གྱི་ལས་གཉེར་གསར་སྐྲུན་མཁན་གྱི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་བཞི་བར་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐའོ་པའོ་ཡི་གཞི་གྲངས་གསར་བ་ལྟར་ན། 2020ལོའི་ཟླ12བར་དུ། ད་ལོར་ཐའོ་པའོ་རུ་ཞུགས་པའི་ལས་གཉེར་གསར་སྐྲུན་མཁན་འཕར་ཚད་ཀྱི་ཨང་རིམ་ཁྲོད། ནུབ་རྒྱུད་ཞིང་ཆེན་གྱི་ཨང་རིམ10ཡི་ཁྲོད9ཟིན་ཞིང་།འཕར་བསྣོན་མྱུར་ཚད་དེ་བརྒྱ་ཆའི200ལས་བརྒལ་བ་དང་།མཚོ་སྔོན་ཨང་བཞི་བར་གྱུར་ཡོད། གྱོན་གོས་དང་དངོས་ཟོག བཟའ་ཆས་དག་ནི་མཚོ་སྔོན་ཐའོ་པའོ་ཚོང་བ་ཆེས་དགའ་བའི་ལས་གཉེར་གསར་སྐྲུན་རིགས་གསུམ་རེད། 

གྲངས་ཀ་འཕར་བསྣོན་ལས་གཞན།མཚོ་སྔོན་གྱིས་གློག་རྡུལ་ཚོང་དོན་ཁྱབ་ཁོངས་སུ་ཡང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བསུ་ཡོང་། ཐའོ་པའོ་ཕྱོགས་ཀྱིས་མཚམས་སྦྱར་བ་ལྟར་ན།2016ལོ་ནས་ད་ལྟའི་བར། མཚོ་སྔོན་གྱི་གསེར་ཏོག་ཡན་གྱི་ཐའོ་པའོ་ཚོང་ཁང་གི་འཕར་གྲངས་བརྒྱ་ཆའི135འཕར་ཞིང་།མཚོ་སྔོན་གྱིས་ལོ་རེའི་ཕྱིར་འཚོང་སྒོར་ཁྲི་100ལས་བརྒལ་བའི་ཚོང་ཁང་བརྒྱ་ཆའི76འཕར། 

འགྲིམ་འགྲུལ་དང་།འཕྲིན་གཏོང་། དྲ་རྒྱ་སོགས་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་སོང་བ་དང་བསྟུན། མཐའ་འཁོལ་ས་ཁུལ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་སྡེ་བ་ནས་གྲོང་ཁྱེར་དུ་བསྐྱོད་པ་མངོན་སུམ་དུ་འགྲོ་ཞིང་། འཛད་སྤྱོད་དང་གྲོང་ཁྱེར་མི་ཚོགས་ཀྱི་འཛད་སྤྱོད་རིམ་འཕར་གྱིས། སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་སྔར་ལས་ཆེ་བར་གྱུར།ཞིང་སྡེའི་གློག་རྡུལ་ཚོང་དོན་དེ་མེད་པ་ནས་ཡོད་པ་དང་། མགྱོགས་མྱུར་ངང་དར་རྒྱས་སུ་སོང་སྟེ། ཞིང་སྡེ་རུ་ཉོ་ཚོང་སྟེགས་བུ་གལ་ཆེན་ཞིག་སྒྲིག་བཀོད་བྱས་ནས། ཞིང་བ་ཕལ་བར་འབྱོར་ཕྱུག་གི་གོ་སྐབས་མང་པོ་མཁོ་འདོན་བྱས།། 


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།