མཚོ་སྔོན་དགའ་བདེ་རྫོང་གི་དབུལ་སྐྱོར་གནས་སྤོར་ས་ཚིགས་ཀྱི་འཚོ་བ་གསར་བ།

1126973075_16104187123201n.jpg

འདི་ནི་ཟླ1པོའི་ཚེས11ཉིན་ལུང་ཡག་སྡེ་བའི་བསོད་སྐྱིད་ཀྱིས་གནས་སྤོར་ས་ཚིགས་ཀྱི་སྡོད་ཁང་གསར་བའི་མདུན་དུ་པར་ལེན་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྟོད་ཤང་ལུང་ཡག་སྡེ་བའི་འབྲོག་ཁྱིམ67ནི་སྔོན་ཆད་ཀྱི་ཚགས་འཛུགས་བྱང་སྒྲིག་ཁྱིམ་ཚང་དབུལ་བོ་ཡིན། ཁོ་ཚོ་རི་ཁུལ་དུ་ཐར་ཐོར་ངང་བསྡད་ཡོད་ལ། འགྲིམ་འགྲུལ་སྟབས་མི་བདེ་བ་དང་འཚོ་བའི་ཆ་རྐྱེན་ཡང་ཧ་ཅང་ཞན། 2016ལོར་ས་གནས་དེས་ལུང་ཡག་སྡེ་བར་ཡུལ་གཞན་གནས་སྤོར་ལག་བསྟར་བྱས་ཏེ་གཅིག་བསྡུས་ངང་བཀོད་སྒྲིག་བྱས། གསར་དུ་སྐྲུན་པའི་གནས་སྤོར་ས་ཚིགས་སུ་འགྲིམ་འགྲུལ་སྟབས་བདེ་ཡིན་པ་མ་ཟད་ཆུ་གློག་ཆ་ཚང་ཡོད་པ་དང་། སྡེ་བའི་ནང་དུ་རླུང་ཤུགས་གློག་འདོན་འཕྲུལ་ཆས70སྒྲིག་སྦྱོར་བྱས་ནས། ཁྱིམ་ཚང་གི་སྡོད་ཁང་དུ་ཉི་ནུས་འོད་གློག་ཀྱང་སྒྲིག་སྦྱོར་བྱས་ཡོད། འབྲོག་པ་མང་ཚོགས་ཀྱིས་ཕྱོགས་གཅིག་ནས་རླུང་འོད་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཡོང་སྒོ་སྐྲུན་པ་དང་། ཕྱོགས་གཅིག་ནས་སྐྱེ་ཁམས་དོ་དམ་པའི་ཚུལ་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག་གཏན་འཇགས་གི་ཡོང་སྒོའང་ཡོད་པ་རེད།  །

1126973075_16104187123501n.jpg

འདི་ནི་ཟླ1པོའི་ཚེས11ཉིན་པར་བླངས་བའི་ལུང་ཡག་སྡེ་བའི་རྣམ་པ་རེད།

1126973075_16104187123811n.jpg

འདི་ནི་ཟླ1པོའི་ཚེས11ཉིན་པར་བླངས་བའི་ལུང་ཡག་སྡེ་བའི་རྣམ་པ་རེད།

འདི་ནི་ཟླ1པོའི་ཚེས11ཉིན་ལུང་ཡག་སྡེ་བའི་འབྲོག་པ་དོན་པོ་ཡིས་གནས་སྤོར་ས་ཚིགས་ཉེ་འགྲམ་གྱི་རྩྭ་ཐང་དུ་གད་སྙིགས་འཐུ་བཞིན་པའི་ཚུལ་རེད།


འདི་ནི་ཟླ1པོའི་ཚེས11ཉིན་ལུང་ཡག་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་མགོན་པོ་རྡོ་རྗེས་གནས་སྤོར་ས་ཚིགས་ཀྱི་རླུང་ཤུགས་གློག་འདོན་འཕྲུལ་ཆས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།