ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1བའི་ཚེས10ཉིན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཚང་འཛོམས་ཨུ་ཡོན(རྒྱ་སྐྱེད)གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཏེ། ཁྱོན་ཡོངས་ནས2020ལོའི་བྱ་བར་སྤྱི་སྡོམ་དང་། ད་ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏེ་ཀྲི་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ཀྲུང་གུང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ུབརྒྱུད་སྒྲོག་བྱས་ཏེ་བསྟན་དོན། 2020ལོར། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི“ཡིག་ཆ་གསུམ”གྱི་དགོངས་དོན་གཏིང་ཟབ་མོས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཚོགས་པ་རྩ་འཛུགས་དང་རྒྱ་ཆེ་བའི་ཚོགས་མིར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རྒྱལ་གཅེས་དང་དམངས་གཙོ་ཚན་རིག་གི་སྲོལ་རྒྱུན་བཟང་པོ་ཤུགས་ཆེར་སྤེལ། གོང་བུར་འགྲིལ་ཤུགས་དང་ཆེ་ཕྱོགས་ལ་ཞབས་ཞུ། སྲིད་གླེང་ཇུས་འབུལ། རང་སྟེང་འཛུགས་སྐྲུན་སོགས་ལས་དོན་བརྟན་བརླིང་གིས་སྐུལ་འདེད་བྱས་ཤིང་། ལོ་འཁོར་ལས་དོན་ལེགས་པར་གྲུབ་ཅིང་། པྲོག་གསར་རིམས་ནད་འགོག་རྒོལ་དང་། “ལྔ་བཞི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”འབད་པ་ཆེན་པོས་སྐུལ་བ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་པ་བཞག
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2021ལོ་ནི་རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་སྒོ་འབྱེད་ཀྱི་ལོ་ཞིག་ཡིན་ལ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དབུ་བརྙེས་ནས་ལོ་འཁོར40ལོན་པའི་ལོ་ཞིག་ཀྱང་ཡིན། དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཀྲུང་གུང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ལས་དོན་གྲོས་ཆོད་སྲིད་ཇུས་བཀོད་སྒྲིག་ཡང་དག་པར་ཁོང་དུ་ཆུད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ལག་བསྟར་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཆེ་ཕྱོགས་ལ་དམིགས་ཏེ་འགན་འཁྲི་གཙང་སྒྲུབ་དང་སེམས་ཤུགས་གཅིག་ཏུ་སྒྲིལ་བ། བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་རྩ་འཛུགས་འཛུགས་སྐྱོང་། འགན་སྒྲུབ་ནུས་པ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་བཅས་ལ་ངེས་པ་དོན་གྱིས་ཤུགས་བརྒྱབ་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་ལེགས་པར་རྩོམ་པ་དང་སྒོ་ལེགས་པར་འབྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་དབུལ་བར་ཁག་ཐེག་བྱེད་དགོས་པར་བསྟན། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཚང་འཛོམས་ཨུ་ཡོན(རྒྱ་སྐྱེད)གྲོས་ཚོགས་ཐེངས་ལྔ་པ་འཚོགས།