ཁོང་ཡུང་གིས་ཟི་ལིང་གི་ཉིང་སྐྱུར་བརྟག་དཔྱད་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་དང་མཁར་བྱང་ཁུལ་ཏ་པའོ་ཙི་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་ཁང་། ཀྲུའུ་ནན་སྡེ་བའི་འཕྲོད་བསྟེན་ཁང་དང་མཁར་དཀྱིལ་ཁུལ་ཡོན་ཧྲུའུ་སྡེ་བའི་འཕྲོད་བསྟེན་ཁང་བཅས་སུ་ཕེབས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་དང་། ཉིང་སྐྱུར་བརྟག་དཔྱད། དེ་མིན་ཕྱིར་ཡོང་མི་སྣའི་འགོག་བཅོས་ཚོད་འཛིན་ཞིབ་བཤེར་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། འཕྲལ་བསྟུན་གནས་ཚུལ་ཐག་གཅོད་དང་། མི་སྣ་སྡེབ་སྒྲིག སྨན་བཅོས་མི་སྣའི་ཆེད་སྤྱོད་གསོ་སྦྱོང་དང་སྨན་བཅོས་དངོས་རྫས་གསོག་ཉར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། 

ཁོང་ཡུང་གིས་བསྟན་དོན། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གིས་སྨན་ཁང་གི་འགོས་ནད་འགོག་བཅོས་ཚོད་འཛིན་བྱ་བར་མཐོང་ཆེན་བྱེད་པ་དང་། འགོག་བཅོས་ཚོད་འཛིན་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། ཆུས་གསུམ་གྱི་བགྲོད་ལམ་གཉིས་སྒྲིག་བཀོད་ཚད་ལྡན་དུ་གཏོང་བ་དང་། སྔོན་ལ་ཞིབ་བཤེར་བརྟག་བཅོས་དང་ཚ་རྒྱག་པའི་སྒོ་བསྟེན་གཞི་གཅིག་ཅན་གྱི་སྒོ་བཀག་དོ་དམ་ལག་བསྟར་བྱས་ནས། མུ་མཐུད་དུ་ཚ་རྒྱག་པའི་ནད་པའི་ཞིབ་བཤེར་དང་། སྒོ་བསྟེན། ལྟ་ཞིབ་སོགས་ཀྱི་བྱ་བའི་གོ་རིམ་ཞིབ་ཚགས་སུ་བཏང་ནས། སྨན་ཁང་དུ་ཡོང་བའི་ནད་པར་སྔོན་ལ་བརྟག་དཔྱད་བྱས་རྗེས་སྒོ་བསྟེན་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། དེ་མིན་ནད་པར་བདག་སྐྱོང་བྱེད་མཁན་གྱི་ཉིང་སྐྱུར་བརྟག་དཔྱད་དང་ནད་པ་གཅིག་ལ་ནད་སྐྱོང་པ་གཅིག་གི་བྱེད་ཐབས་ལག་བསྟར་བྱས་ནས། ཉིང་སྐྱུར་བརྟག་དཔྱད་བྱ་བ་ཤུགས་དྲག་ཏུ་བཏང་སྟེ། རྒྱ་ཆེའི་སྨན་བཅོས་ལས་སྒྲུབ་མི་སྣ་དང་ནད་པའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།