ཟི་ལིང་གིས་ལན་ཀྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་ཞབས་ཞུ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལན་ཀྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་བསྟུན་ནས། ལན་ཀྲུ་དང་ཟི་ལིང་གི་གྲོང་ཁྱེར་གཉིས་བར་གྱི་བརྗེ་རེས་སྔར་ལས་ཇེ་ཟབ་ཏུ་སོང་ཞིང་། ཐོན་ལས་འཕེལ་རྒྱས་སོ་སོའང་དུས་སྐབས་གསར་བ་ཞིག་ཏུ་བསྐྱོད་རྒྱུ་རེད། ཟི་ལིང་གྲོང་ཁྱེེར་དེ་ཞིང་ཆེན་ཡོངས་ཀྱི་ཞབས་ཞུ་ལས་རིགས་གཅིག་འདུས་འཕེལ་རྒྱས་དཔེ་སྟོན་ས་ཁུལ་དུ་གསར་སྐྲུན་བྱེད་པ་དང་། ལན་ཀྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་ཞབས་ཞུ་ལས་རིགས་འཕེལ་རྒྱས་ཀྱི་གཤིན་ས་དང་། རྒྱལ་ཡོངས་ཀྱི་དངོས་ཟོག་འཁོར་རྒྱུག་ལྟེ་བ། རྒྱལ་ནང་གི་ཕུལ་དུ་བྱུང་བ་དང་རྒྱལ་སྤྱི་སྟེང་མིང་གྲགས་ཆེ་བའི་སྐྱེ་ཁམས་ཁམས་གསེང་གནས་སྐོར་བྱེད་ས་ཞིག་ཏུ་གསར་སྐྲུན་བྱེད་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཞབས་ཞུ་ལས་རིགས་ཀྱི་ཕྱོགས་བཅུ་གཅིག་ཐད་ཀྱི་འཛུགས་སྐྲུན་དང་དམ་དུ་འབྲེལ་ནས། སྲོལ་རྒྱུན་ཞབས་ཞུ་ལས་རིགས་དང་གསར་དར་ཞབས་ཞུ་ལས་རིགས་མཉམ་སྤྱོད་མཐོར་འདེགས་སུ་བཏང་སྟེ། ཧུར་ཐག་གིས་སྒྲིག་གཞི་ཇེ་ལེགས་དང་སྤུས་ཚད་ལེགས་པོ། འཕེལ་རྒྱས་དོ་མཉམ། མཉམ་འདྲེས་མཉམ་སྤྱོད་ཀྱི་དེང་རབས་ཞབས་ཞུ་ལས་རིགས་མ་ལག་འཛུགས་སྐྲུན་བྱེད་རྒྱུ་རེད།

ཤེས་གསལ་བྱུང་བ་ལྟར་ན། རྗེས་ཕྱོགས་ཟི་ལིང་གྲོང་ཁྱེར་གྱིས་མགྱོགས་མྱུར་སྒོས་ཚད་ལྡན་ཅན་དང་བརྡ་འཕྲིན་ཅན་གྱི་དེང་རབས་དངོས་ཟོག་ལས་རིགས་གསར་སྐྲུན་དང་། མགྱོགས་མྱུར་ངང་དར་གོས་ཚོང་ལམ་དཔལ་འབྱོར་དངོས་ཟོག་འཁོར་རྒྱུག་གྲོང་ཁྱེར་ཚོགས་པ་གསར་སྐྲུན་བྱེད་པ་དང་། ལན་ཀྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ་དཀྱིལ་སྙིང་ཡིན་པའི་ཕྱིའི་དངོས་ཟོག་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དང་། དེ་མིན་གྲོང་ཁྱེར་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་དང་གྲོང་ཁྱེར་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་སོགས་འཛུགས་སྐྲུན་བྱས་ནས། ཕན་ནུས་མཐོ་བ་དང་བདེ་འཇགས། སྒོ་འབྱེད་མཉམ་སྤྱོད་ཀྱི་དེང་རབས་དངུལ་རྩ་འཛུགས་སྐྲུན་བྱས་ནས། མུ་མཐུད་དུ་ཁེ་ལས་ཆུང་བ་དང་ཞིང་གསུམ་མ་དངུལ་མཉམ་འདྲེས་ཀྱི་འགན་ལེན་གཞི་ཁྱོན་སོགས་རྒྱ་བསྐྱེད་རྒྱུ། བྱེད་ནུས་འཐུས་ཚང་དང་སྟབས་བདེ་དོ་མཉམ་གྱི་དེང་རབས་ཅན་ཚོང་ལས་བཙུགས་ནས། ཟི་ལིང་མཐའ་འཁོར་གནས་སྐོར་ཁུལ་གསར་འཛུགས་བྱེད་པ། ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་ཀྱི་ཁྱད་ལྡན་ཚན་རྩལ་ཞབས་ཞུ་ལས་རིགས་གསར་འཛུགས་བྱས་ཏེ། ལིའི་གློག་དང་འོད་ནུས་དྲོད་འདོན་སོགས་ཀྱི་གཙོ་གནད་ཐོན་ལས་དང་དམ་དུ་སྦྲེལ་བ་དང་། མུ་མཐུད་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མཐོ་གསར་ཁུལ་སོགས་ཀྱི་ཚན་རྩལ་གསར་གཏོད་སྟེགས་བུ་འཛུགས་སྐྲུན་དང་། སྟོབས་ཤུགས་ཡོད་རྒུས་འོད་ནུས་ཐོན་ལས་ཀྱི་རྣམ་པ་གསར་བའི་ལག་རྩལ་གསར་སྤེལ་སྟེགས་བུ་སོགས་ཀྱི་ཚན་རྩལ་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་གཏོང་བ། བརྡ་འཕྲིན་ལག་རྩལ་བེད་སྤྱོད་དང་།གྲངས་འཛིན་དཔལ་འབྱོར་གསོ་སྤེལ་བྱས་ནས། རྒྱལ་ནང་གི་མཐོ་གསར་ལག་རྩལ་ཁེ་ལས་ཟི་ལིང་དུ་རྐང་ཚུགས་པར་ནང་འགུག་བཅས་བྱེད་རྒྱུ་རེད། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།