ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དྲང་ནུས་གཅིག་སྒྲིལ་གྱིས་བྱས་རྗེས་གསར་བ་འཇོག་པར་སྐུལ་འདེད་གཏོང་བའི་འཕྲིན་ལན་བསྐུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཐེངས20པ་དང21པས་ལས་རེས་བརྗེ་སྤོར་བྱེད་པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིན་གཉིས་ཀྱིས་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཐེངས20པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཡོངས་ལ་མཚོ་སྔོན་ལ་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་གནང་བའི་འཕྲིན་ལན་བསྐུར་བ་དང་། འབུམ་རམས་པའི་ཞབས་ཞུ་ཚོགས་པ་གསར་པའི་ཁོངས་མིས་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་དྲང་ནུས་གཅིག་སྒྲིལ་གྱིས་བྱས་རྗེས་གསར་བ་འཇོག་པར་སྐུལ་འདེད་གཏོང་བའི་སྐད་བསྐུར།  

འཕྲིན་ལན་ནང2020ལོ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་བགྲོད་ལམ་ཁྲོད་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། ལོ་གཅིག་གི་རིང་ལ་ཁྱེད་ཚོས་གོམ་སྟོབས་ཆེན་པོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ལོ་ཟླ་མེ་རུ་སྒྲོན་ཞིང་། གྲང་ངར་ཆེ་ཞིང་དབྱང་རླུང་ཞན་པའི་འཚོ་བར་འགྲན་བཙུགས་ནས། དཀའ་ངལ་སྣ་ཚོགས་ལ་གདོང་གཏད་དེ་སེམས་ཤུགས་ཡོད་ཚད་ཀྱིས་མཚོ་སྔོན་ལ་དགའ་བ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་དངོས་ལ་ཞུགས་ཏེ། དཀའ་སྡུག་ལ་མི་སྐྲག་པ་དང་དབྱང་རླུང་མི་འདང་བའི་སྙིང་སྟོབས་སྦྱོང་བརྡར་དང་། རང་ཉིད་ཀྱི་ཁྱིམ་གཞིས་ཆུང་བ་བསྐྱུར་ནས་ཁྱིམ་གཞིས་ཆེ་བའི་ཆེད་དུ་སྦྱོང་བརྡར་བྱས་པ་བརྒྱུད། དཀའ་གནད་སྒྲོལ་ནས་དོན་དངོས་བསྒྲུབས་ཏེ། བརྩེ་བ་དང་དུངས་བ་ཡོད་ཚད་གངས་ལྗོངས་མཐོ་སྒང་དུ་ཕུལ་ཡོད་པར་བསྟན། 

འཕྲིན་ལན་ནང་མཚོ་སྔོན་དུ་ཐེངས་གཅིག་བསྐྱོད་པས་ཚེ་གང་བོར་མཚོ་སྔོན་ལ་དགའ་བ་དང་། མཚོ་སྔོན་ནི་ཁྱེད་ཚོར་གཏན་དུ་ཡོད་པའི་ཕ་ཡུལ་གཉིས་པ་དེ་ཡིན། ཁྱེད་ཚོ་ཕྱིར་ལོག་རྗེས་མུ་མཐུད་དུ་ཆེད་ལས་ལག་རྩལ་དང་འདུ་ཤེས་གསར་པ། མཐོང་རྒྱ་ཆེ་བ་བཅས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པ་དང་། དེ་བཞིན་ཀྲུང་དབྱང་ལས་ཁུངས་དང་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་བཅས་ཀྱི་སྔོན་ཐོན་གྱི་བཅོས་སྐྱོང་དང་གོང་འཕེལ་གཏོང་བའི་འདུ་ཤེས་ཀྱི་ཁྱད་ཡོན་འདོན་སྤེལ་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དྲང་ནུས་གཅིག་སྒྲིལ་གྱིས་བྱས་རྗེས་གསར་པ་འབུལ་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་ནན་གྱིས་བསྟན།

འཕྲིན་ཡིག་ནང་ཁྱེད་ཚོའི་ནང་གི་འབུམ་རམས་པ7མུ་མཐུད་དུ་ཤུལ་དུ་བསྡད་ནས་ཞབས་འདེགས་ཞུ་བ་དང་། སྐོར་ཁག་གསར་པའི་འབུམ་རམས་པ་ཚོགས་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་“མཐུད་རྒྱུག་དབྱུག་པ་”བླངས་ཡོད། ཚང་མས་ཆེད་ལས་ཀྱི་ཐུན་མིན་ཡོན་ཏན་ཟུང་དུ་སྦྲེལ་ཏེ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་དུས་བསྟུན་བབ་བསྐྱོད་ཀྱིས་ལག་གདང་སྦྲེལ་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དར་སྤེལ་བྱས་ནས། ཞབས་ཞུ་མཁན་དང་གསར་གཏོད་མཁན། འབད་བརྩོན་མཁན་བཅས་ཀྱི་རྣམ་འགྱུར་ཐོག་ནས་འབྱུང་འགྱུར་ལ་སྟོབས་ཤུགས་དབུལ་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་གནང་བ་དང་། བྱ་བའི་ཐད་ཆ་རྐྱེན་གང་ལེགས་བསྐྲུན་པ། འཚོ་བའི་ཐད་ཐུགས་ཁུར་དང་ལྟ་རྟོག་བྱེད་པ་བཅས་ཀྱི་སྒོ་ནས་འབུམ་རམས་པར་གཅེས་སྐྱོང་བྱས་ནས་ཚང་མས་སྤྱང་གྲུང་དང་བློ་གྲོས་འདོན་སྤེལ་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་ཡིན་པར་ནན་གྱིས་བསྟན།

འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ལས་དོན་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། 1999ལོར་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་བྱ་བ་ལག་བསྟར་བྱེད་འགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་རོགས་སྐྱོར་མི་སྣ309དང་ལེན་བྱས་ཤིང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ་དང་། ན་གཞོན་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་གཏོང་བ། ཤར་རྒྱུད་དང་ནུབ་རྒྱུད་ཉམས་མྱོང་བརྗེ་རེས་འགྲོ་འོང་བྱེད་པའི་སྟེགས་བུ་བསྐྲུན་པ་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།