དབུལ་ཕོངས་བྱིས་པ31ལ་སློབ་སྐྱོར་རོགས་དངུལ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས7ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ11གི་དབུལ་ཕོངས་སློབ་མ31ལ“རོལ་མོའི་ས་བོན”ཞེས་པའི་སྤྱི་ཕན་སློབ་སྐྱོར་རོགས་དངུལ་ཁྲི3.72ཐོབ། 

ཤེས་གསལ་ལྟར་ན། “རོལ་མོའི་ས་བོན”ཞེས་པའི་སྤྱི་ཕན་སློབ་སྐྱོར་རོགས་དངུལ་རྣམ་གྲངས་ནི་ཅང་སུའུ་ཞིང་ཆེན་བུད་མེད་བྱིས་པའི་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཅང་སུའུ་བརྙན་འཕྲིན་ཁང་རོལ་མོ་འཕྲིན་ལམ་གཉིས་ཀྱིས་སྤེལ་བའི་སློབ་རོགས་རྣམ་གྲངས་ཡིན་པ་དང་།  དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། དབུལ་ཕོངས་བྱིས་པར་རོགས་སྐྱོར་བྱ་རྒྱུ་དེ་ཡིན། རྣམ་གྲངས་འདི་ནན་ཅིན་དང་ཟི་ལིང་ཤར་ནུབ་གྲོང་ཁྱེར་བར་གྱི་སློབ་གསོ་རོགས་སྐྱོར་བྱེད་པའི་བྱེད་ཐབས་ཤིག་ཀྱང་ཡིན།  

ཉེ་བའི་ལོ་འགའི་རིང་། ཟི་ལིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་གི་ལེགས་ཆ་བེད་སྤྱད་ནས།  ཐོན་ཁུངས་གཅིག་བསྡུ་བྱེད་པར་ཤུགས་སྣོན་པ་དང་། བུད་མེད་བྱིས་པ་རྣམས་ཀྱི་འཕེལ་རྒྱས་འཆར་འགོད་སྔར་ལས་ལྷག་པར་སྐུལ་འདེད་བྱེད་པ་བརྒྱུད།  “དཔྱིད་ལྗང་འཆར་འགོད”དང“དྭ་ཕྲུག་ལ་བརྩེ་སེམས་འབུལ་བ”། “རོལ་མོ་ས་བོན”སོགས་སྤྱི་ཕན་སློབ་རོགས་བྱ་འགུལ་ལག་བསྟར་བྱས་མཐར། དབུལ་ཕོངས་བུད་མེད་བྱིས་པ་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཇེ་མཐོར་འགྲོ་བར་རོགས་སྐྱོར་བྱས་པ་རེད།   

རྗེས་མར་ཟི་ལིང་གྲོང་ཁྱེར་གྱིས་ཤར་ནུབ་བར་གྱི་མཐུན་སྦྱོར་མཉམ་ལས་སྟེགས་བུ་བརྒྱུད་དེ། ནན་ཅིན་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བྱམས་ལྡན་མི་སྣ་དང་མཉམ་དུ་མུ་མཐུད་དུ་དབུལ་ཕོངས་བྱིས་པར་རོགས་སྐྱོར་བྱེད་རྒྱུ་ཡིན་ལ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བྱམས་ལྡན་མི་སྣ་རྣམས “དཔྱིད་ལྗང་འཆར་འགོད”ནང་ཞུགས་པར་འབོད་སྐུལ་བཏང་སྟེ། དབུལ་ཕོངས་སློབ་མ་རྣམས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་། སྦྱང་འབྲས་ལེགས་པོས་བྱམས་ལྡན་མི་སྣར་བཀའ་དྲིན་ཞུ་རྒྱུ་དང་རྒྱ་ཆེའི་ན་གཞོན་བྱིས་པས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་སྐུལ་ལྕག་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།