མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་གྱིས་“5+1”ཚོད་ལྟའི་ས་ཁུལ་གྱི་དུས་འགོའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་མང་པོའི་སྒོ་ནས་བྱེད་ཐབས་མང་པོ་སྤྱད་དེ་ལས་དོན་ལ་ནན་གྱིས་སྐུལ་འདེད་བྱས་པས། མིག་སྔའི་བར་ཟི་ལིང་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར། ཡུས་ཧྲུའུ་གྲོང་ཁྱེར། ཐུན་རིན་གྲོང་ཁྱེར། མདོ་ལ་རྫོང་བཅས་ཀྱི་རྫོང5མཐོ་སྒང་གི་མཛེས་པའི་གྲོང་ཁྱེར་གྲོང་རྡལ་དང་མཚོ་བསྐོར་ས་ཁུལ་གྱི་མཁར་གྲོང“5+1”ཚོད་ལྟའི་ས་ཁུལ་གྱི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་སྔོན་ལ་ཚོད་ལྟ་བྱེད་གནས་འཛུགས་སྐྲུན་བྱ་བའི་འགོ་བརྩམས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་པུའུ་ཡི་ནུས་པ་ལྡན་པའི་མཛུབ་སྟོན་འོག 2020ལོའི་ཟླ10པའི་ཚེས20ཉིན། ཟི་ལིང་གྲོང་ཁྱེར་ཏང་ཨུས《མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཟི་ལིང་གྲོང་ཁྱེར་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》དཔར་འགྲེམ་བྱས་པ་དང་། གཙོ་བོ་སྐྱེ་ཁམས་ཁོར་ཡུག་དང་བདེ་འཇགས་འཚོ་སྡོད་སོགས་ལ་དམིགས་ནས་ཟི་ལིང་གྲོང་ཁྱེར་གྱི་འཕེལ་རྒྱས་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་བ་རེད།

དེ་དང་དུས་མཚུངས་སུ“གཅིག་གཏད་གཅིག་”གིས་རོགས་རམ་བྱེད་པའི་ལམ་སྲོལ་གཏན་ལ་ཕབ་སྟེ། པུའུ་ཡིས་སི་ཅུའུ་རོགས་འཛུགས་དང་། ལག་རྩལ་གྱིས་ལས་ཁུངས་རྒྱབ་སྐྱོར། “5+1”ཚོད་ལྟ་བྱེད་གནས་ས་ཁུལ་གྱི་མཉམ་འགུལ་བཅས་ཀྱི་རྣམ་པ་རྒྱུན་ལྡན་དུ་གྱུར་ཡོད། པུའུ་ཡིས་སི་ཅུའུ་རོགས་འཛུགས་བྱེད་པའི་ཕན་འབྲས་ཆེ་བའི་མཛུབ་སྟོན་དང་མཐུན་སྦྱོར་འོག་ལག་རྩལ་རྒྱབ་སྐྱོར་ལས་ཁུངས་ཀྱིས་ལག་རྩལ་གྱི་བཟང་ཆ་འདོན་སྤེལ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་“5+1”ཚོད་ལྟའི་ས་ཁུལ་གྱི་ལས་ཀའི་གཙོ་གནད་ལ་ཞིབ་འཇུག་དང་། གཙོ་གནད་ལས་འགན་ལ་རིགས་པས་ཁུངས་སྐྱེལ་བ། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་འཆར་འགོད་དང་ལོ་གསུམ་གྱི་བྱ་བའི་འཆར་གཞི་བཟོ་འགོད་དང་རིགས་པས་ཁུངས་སྐྱེལ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པས། ཚོད་ལྟའི་ལས་དོན་ཚན་རིག་རང་བཞིན་ལྡན་པའི་སྒོ་ནས་འགན་ལེན་ཐུབ་པ་བྱས་ཡོད།《མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་གནས་ཀྱི་བྱ་བའི་ཇུས་གཞི》དོན་འཁྱོལ་ནན་ཏན་བྱས་ཏེ། “5+1”ཚོད་ལྟ་བྱེད་གནས་ས་ཁུལ་ཚང་མར་ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཚན་གཙོའི་འགན་འཁུར་པའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། མཐོ་སར་སྐུལ་འདེད་དང་ཚོད་ལྟ་བྱེད་གནས་འཛུགས་སྐྲུན་བྱ་བ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།