ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས8ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་འཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པའམ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལིའུ་ཐུང་ཏེ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་མཱ་ཀྲི་ཝའེ་ཚོགས་འདུར་ཞུགས། 

ཚོགས་འདུས་བསྟན་དོན། འདས་པའི་ལོ་གཅིག་རིང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། ཟམ་མི་ཆད་པར་“འདུ་ཤེས་བཞི་”ཆེ་རུ་བཏང་བ་དང“གདེང་ཚོད་བཞི”སྲ་བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་པ་དང་། རྩ་འཛུགས་ལེགས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། སྲིད་ཞུགས་སྲིད་མོལ་གྱི་ཕན་འབྲས་བརྟན་བརླིང་ངང་ཆེ་རུ་གཏོང་བ། བརྩེ་སེམས་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལེགས་པོར་སྒྲུབ་པ། མེས་རྒྱས་གཅིག་གྱུར་གྱི་མཐུན་འབྲེལ་བྱེད་སྒོ་ཧུར་ཐག་ངང་སྤེལ་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་གི་ཆུ་ཚད་མཐོ་བའི་ས་གནས་རྩ་འཛུགས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། 

ཚོགས་འདུས་ནན་གྱི་བསྟན་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་ལོ་ཡིན་ལ། རང་རྒྱལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”འཆར་འགོད་འགོ་ཚུགས་པའི་ལོའང་ཡིན། ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་བསམ་བློ་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱིས་འགན་ལེན་མཐའ་འཁྱོངས་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ལ་དམིགས་པ་མཐའ་འཁྱོངས་བྱེད་བཅས་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པར་ཐབས་འདོན་ཇུས་འབུལ་བྱེད་དགོས་པ་དང་། རྩ་འཛུགས་འཛུགས་སྐྱོང་གི་རྨང་གཞིའི་བཟོ་འགོད་མཐའ་འཁྱོངས་དང་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། ཀྲུང་ཧྲན་ཀུན་བྱམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། མཐུན་སྒྲིལ་མཉམ་འབྲེལ་མཐའ་འཁྱོངས་བྱས་ནས་མེས་རྒྱས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། 

ཚོགས་འདུས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྩ་འཛུགས་རིམ་པ་སོ་སོ་དང་ཏང་ཡོན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སྔར་བས་འབྱོར་ཕྱུག་དང་ཤེས་དཔལ། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབོད་སྐུལ་གནང་། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།