མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས8ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅིི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་སྤིངས་ཡིག ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། མཚོ་སྔོན་གྱི་ལག་བསྟར་དངོས་འབེབས་བྱེད་ཐབས་ལ་ཞིབ་འཇུག་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་མཛད། 

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་ནི་དུས་རབས་གསར་པར་རྐང་ཚུགས་ཤིང་། དུས་རིམ་གསར་པ་ཁོང་དུ་ཆུད་པ། འདུ་ཤེས་གསར་པ་ལག་ཏུ་བསྟར་བ། གནས་སྟངས་གསར་པ་བསྐྲུན་པ་བཅས་ཡིན་ལ། སྤུས་ཚད་མཐོ་བའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཤིག་ཀྱང་ཡིན་པར་མ་ཟད། ཆབ་སྲིད་འདུ་ཤེས་ཀྱི་བསམ་བློ་སློབ་གསོའི་གྲོས་ཚོགས་ཤིག་ཀྱང་ཡིན་པས། ཏང་ཡོངས་ལ་མིག་དཔེ་བསྟན་པ་དང་དར་ཆ་བསླངས་པའང་རེད། ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འགྲོ་སྲོལ་ཇེ་དྲག་ཏུ་བཏང་བ་ཞིག་ཡིན་ལ། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་རང་ལུས་འཛུགས་སྐྲུན་གྱི་བསམ་བློའི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་བ་ཞིག་ཀྱང་རེད། ཆབ་སྲིད་འཛུགས་སྐྲུན་གྱི་སྲོག་ཤིང་ནི་“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི་”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པར་བྱེད་པ་དེ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་རླབས་ཆེའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་མཐོན་པོར་སྒྲེང་དགོས། ཆབ་སྲིད་ནུས་པ་མཐོར་འདེགས་པའི་གནད་འགག་ནི་ཆབ་སྲིད་ཐག་གཅོད་ནུས་པ་དང་། ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མཐོར་འདེགས་པ་དེ་ཡིན་པས། དོན་དམ་པས་འགན་འཁྲི་ཡིད་ལ་འཛིན་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་ཏུ་བསྟར་བ་བཅས་སྒྲུབ་ཐུབ་པར་བྱེད་དགོས། མི་དམངས་ཀྱི་བརྩེ་སེམས་སྲུང་བའི་ཉིང་བཅུད་ནི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བ་དེ་ཡིན་པས། ལོ་བརྒྱ་དང་པོའི་འཐབ་རྩོད་དམིགས་འབེན་རྟིང་ཐག་གཅོད་པ་དང་། ལོ་བརྒྱ་གཉིས་པའི་འཐབ་རྩོད་དམིགས་འབེན་འགྲུབ་པར་འབད་པས་བརྩོན་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གིས་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་བླངས་ཏེ། དཔེ་བསྡུར་ཚད་བསྡུར་དང་། དཔེ་ལྟར་བསྙེགས་པ། ཆབ་སྲིད་རང་རྟོགས་ཀྱིས་བསམ་བློ་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ལ་སྤྱི་འདོམས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལངས་ཕྱོགས་དང་། ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་ལམ་བུ་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིག་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་གཅིག་གྱུར་ཡོང་བར་བྱས་ནས། མཚོ་སྔོན་ཏང་གི་འཛུགས་སྐྱོང་དང་གཞི་རིམ་རྩ་འཛུགས་ལེགས་པར་འཛིན་དགོས། ཆབ་སྲིད་ནུས་པས་ཏང་གི་འཛུགས་སྐྱོང་ནུས་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ནུས་པར་སྤྱི་འདོམས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། “ཕྱོགས་ལྔ་གཞི་གཅིག་”སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞི་”ལ་མཐུན་སྦྱོར་སྐུལ་འདེད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཁྲིད་སྟོན་གནང་བའི་ཕྱོགས་སུ་འབད་པ་ཆེན་པོས་བསྐྱོད་པ། མཚོ་སྔོན་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་”མགོ་ལེགས་པོར་བརྩམས་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས། མི་དམངས་ཀྱི་བརྩེ་སེམས་ཀྱིས་རྒྱལ་ཁབ་ཀྱི་བརྩེ་བ་དང་གསར་བརྗེའི་བརྩེ་སེམས་སྤྱི་འདོམས་བྱས་ཏེ། ཕུགས་འདུན་མ་བརྗེད་པའི་སྒོ་ནས་“བདག་ཉིད་སྟོང་པ་དང་དམངས་ལ་བློ་ཕམ་དུ་མི་འཇུག་པའི་”གོ་རྟོགས་མཐོན་པོར་བསྙེགས་པ་དང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་གཏིང་ཟབ་མོས་སློབ་པ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློའི་ལག་ལེན་གྱི་སྙིང་པོ་མུ་མཐུད་དུ་ཕུན་སུམ་ཚོགས་པར་བཏང་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་མུ་མཐུད་དུ་ཆེར་གཏོང་དགོས། 

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཞིང་སྡེ་བྱ་བའི་ཚོགས་འདུ་སྟེང་གི་གསུང་བཤད་གལ་ཆེན་ནི། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་། དབུར་ཐར་འགག་སྒྲོལ་ཀྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་ཁྱོན་ཡོངས་ནས་སྐུལ་འདེད། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་བ་བཅས་བཀོད་སྒྲིག་འགངས་ཆེན་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་“ཞིང་གསུམ་”ལས་དོན་གྱིི་འགུལ་སྐྱོད་རྩ་འཛིན་དང་གཞི་རྩའི་འགྲོ་སྲོལ་ལེགས་པར་སྒྲུབ་པ་ཞིག་ཡིན། ཆབ་སྲིད་གླེང་བའི་མཐོ་ཚད་དུ་ལངས་ནས། ཐོག་མཐའ་བར་གསུམ་དུ་ཏང་གིས་དུས་རབས་གསར་པའི་“ཞིང་གསུམ་”ལས་དོན་ལ་མགོ་ཁྲིད་པར་ཤུགས་སྣོན་པ། ངེས་པ་དོན་གྱིས་“ཞིང་གསུམ་”ལས་དོན་ལེགས་པར་སྒྲུབ་པའི་ཡིད་ཆེས་ཆོད་སེམས་དང་འགན་འཁྲི་ཕོད་སེམས་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་གྱི་དངོས་ཡོད་ལ་གཞིགས་ནས་ཞིང་ལས་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བ། ཤང་སྡེ་འཚོ་སྡོད་དང་ལས་ཞུགས་ལ་འཚམ་པ། ཞིང་སྡེ་འབྱོར་ཕྱུག་ལྡན་པ། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་དོན་ཆེན་གཉིས་ལེགས་པར་འཛིན་པ་འབུར་དུ་བཏོད་དེ། ཏང་ཀྲུང་དབྱང་གི་ཆོད་དོན་ཇུས་གཞི་བཀོད་སྒྲིག་མཚོ་སྔོན་ནས་དངོས་འབེབས་དང་གྲུབ་འབྲས་མཐོང་བར་བྱེད་དགོས། 

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པ་བསྡུས་པའི་འབྲེལ་ཡོད་དོན་དག་ཁག་གི་སྙན་ཞུར་མཉན་པ་དང་། མཚོ་སྔོན་གྱི2021ལོའི་གྲོང་ཁྱེར་དང་རྫོང་། ཤང་བཅས་ཀྱི་སྐབས་བརྗེ་ལས་དོན་ལ་ཞིབ་འཇུག་བྱས་ནས། 《<ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་དོན་སྲོལ་ཡིག་>གཏིང་ཟབ་མོས་ལག་བསྟར་དོན་འཁྱོལ་དངོས་འབེབས་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་》དང་། 《ཞིང་ཆེན་དོ་དམ་མགོ་ཁྲིད་ཚོགས་པ་དང་མགོ་ཁྲིད་ལས་བྱེད་ཀྱི་དུས་རྒྱུན་དཔྱད་ཞིབ་བྱེད་ཐབས།》 《ཞིང་ཆེན་དོ་དམ་མགོ་ཁྲིད་ཚོགས་པ་དང་མགོ་ཁྲིད་ལས་བྱེད་ཀྱི་ཆེད་དོན་དཔྱད་ཞིབ་བྱེད་ཐབས་》བཅས་ལ་གྲོས་ཞིབ་བྱས་པ་དང་། ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།