མཚོ་སྔོན་ཞིང་ཆེན་གྱིས་སྲོལ་རྒྱུན་གྲོང་ཚོ་123 ལ་སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུཌ་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་གྲོང་ཚོ་123ཚང་མར་སྒོ་བྱང་བཀལ་ཏེ་སྲུང་སྐྱོང་བྱས་པ་ལས་ཞིང་ཆེན་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོར་སྲུང་སྐྱོང་བྱེད་པའི་ལས་དོན་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་སྤེལ་བར་གོམ་པ་གལ་ཆེན་སྤོས་པ་མཚོན་ཡོད།

2012ལོ་ནས་བཟུང་། ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཚུན། མཚོ་སྔོན་ཞིང་ཆེན་གྱིས་སྲོལ་རྒྱུན་གྲོང་ཚོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྲིད་འཛིན་གྲོང་ཚོ་330དང་རང་བྱུང་གྲོང་ཚོ་46ལ་བརྟག་དཔྱད་མཐིལ་རྟོགས་དང་ཐོན་ཁུངས་ལ་ཚོད་སྐོར་བྱེད་པའི་ལས་དོན་སྤེལ་ནས་ཁག་ལྔ་ལ་ཕྱེ་ནས་གྲོང་ཚོ་290ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་རེ་ཞུ་བྱེད་རྒྱུར་འོས་སྦྱོར་བྱས་པ་རེད། མིག་སྔའི་བར་མཚོ་སྔོན་གྱི་གྲོང་ཚོ་123ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་དུ་ཚུད་པ་དང་སྲོལ་རྒྱུན་གྲོང་ཚོ་94ལ་ཀྲུང་དབྱང་གི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.82ཐོབ་པ་རེད།

ད་ཕན་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་ནས་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་གལ་ཆེན་སྲུང་སྐྱོང་བྱས་པ་མ་ཟད། གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་བ་དང་གྲོང་ཚོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་བས་སྲོལ་རྒྱུན་གྲོང་ཚོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།