མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུས་སྐབས་བཅུ་གསུམ་པའི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུས་སྐབས་བཅུ་གསུམ་པའི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཡང་དག་བླངས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་བློ་ཐག་རྦད་ཆོད་སྒོས་དངོས་འབེབས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བཀའ་རྒྱ་བརྩི་སྲུང་བྱེད་པ། སྙིང་སྟོབས་རྨད་དུ་བྱུང་བའི་ངོས་ནས་ལས་རིམ་ཁག་སོ་སོའི་བྱ་བ་གང་ལེགས་སྒྲུབ་པ་བཅས་བྱས་མཐར། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་བྱ་བར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དགོས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཞིང་ཆེན་དམག་ཁུལ་གྱི་དཔོན་དམག་ཡོངས་དང་ཞི་བའི་ལས་འགན་འཁུར་མཁན། རྒྱ་ཆེ་བའི་ལས་བཟོ་བ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་མི་སྣ་བཅས་ཀྱིས་མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་སོགས་ལས་དོན་ཆེ་གྲས་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་དམག་ཁུལ་ཏང་ཨུས་བློ་ཐག་རྦད་ཆོད་སྒོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་མཛུབ་སྟོན་དངོས་འབེབས་རྦད་ཆོད་བྱས་པ། ནན་ཏན་སྒོས་ནུབ་རྒྱུད་ཀྱི་འཐབ་ཕྱོགས་ས་ཁུལ་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་སྐུལ་སློང་པུའུ། ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་བཟུང་བ་གནད་དུ་འཁེལ་ཞིང་དམག་དཔུང་སྦྱོང་བརྡར་ལས་དོན་དམ་པོར་བཟུང་བ། དམག་དམངས་འོ་ཆུ་བཞིན་འདྲེས་པའི་ཚུལ་ཇེ་མགྱོགས་སུ་ཕྱིན་པ། ས་གནས་ལ་ཞབས་འདེགས་ཞུ་བའི་ལས་སྒོ་ཡངས་པ་བཅས་ཀྱི་ཁྱད་ཆོས་མངོན་ནས། ལས་རིམ་ཁག་སོ་སོའི་བྱ་བར་གོང་འཕེལ་བྱུང་།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་འཕེལ་རྒྱས་འགོ་རྩོམ་པའི་ལོ་ཡིན་པར་མ་ཟད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་པའི་ལོ་ཞིག་ཀྱང་ཡིན། ཞིང་ཆེན་དམག་ཁུང་གྱི་རིམ་པ་སོ་སོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་སྤྱིའི་བཀོད་འདོམས་སུ་བརྩིས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ནས། དམག་ཨུའི་ཀྲུའུ་ཞི་ཡི་འོས་འགན་ལམ་ལུགས་དངོས་འབེབས་བྱེད་རྒྱུ་དང་ཏང་གིས་དམག་དཔུང་ལ་གཅིག་གྱུར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མངོན་སུམ་ཇེ་དྲག་ཏུ་བཏང་མཐར། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་འབད་པས་བསྐྱོད་དགོས།

ཚོགས་འདུའི་སྐབས་སུ་ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཆབ་སྲིད་ཨུ་ཡོན་ཡུས་ཧྲུའུ་ཆང་གིས་ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིག་ཀི་ཕིང་གིས་གཏམ་བཤད། ཚོགས་ཐོག་ནས་ཞིང་ཆེན་དམག་ཁུལ་གྱི་ཉིས་སྟོང་ཉི་ཤུ་ལོའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།