​མཚོ་སྔོན་ཞིང་ཆེན་གྱི“འཕྲིན་སྦྲེལ་དྲ་བ་དང་མི་དོན་ཤེས་ལྡན་མི་སྣའི”མི་དོན་ཡིག་རྒྱུགས་བཀོད་འདོམས་སྟེགས་བུ་དངོས་སུ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི“འཕྲིན་སྦྲེལ་བ་དང་མི་དོན་ཤེས་ལྡན་མི་སྣའི”མི་དོན་ཡིག་རྒྱུགས་ཀྱི་བཀོད་འདོམས་སྟེགས་བུའི་འཛུགས་སྐྲུན་གྱི་རྣམ་གྲངས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།  འདིས་མཚོ་སྔོན་གྱིས་བཀོད་འདོམས་ལྟེ་གནས་དང་པུའུ་ཨུ་དང་ཞིང་ཆེན།  གྲོང་ཁྱེར།  རྒྱུགས་ར་བཅས་ལ་རིམ་པ་བཞི་ཅན་གྱི་གཅིག་གྱུར་གྱི་ལྟ་སྐུལ་ཚོད་འཛིན་དང་།  བརྙན་ལམ་བཀོད་འདོམས་གཅིག་གྱུར་བཀོད་སྒྲིག  གཞི་གྲངས་གཅིག་གྱུར་མཉམ་སྤྱོད་བཅས་མངོན་འགྱུར་བྱུང་བས།   མཚོ་སྔོན་ཞིང་ཆེན་གྱི་མི་དོན་ཡིག་རྒྱུགས་ཆ་འཕྲིན་ཅན་གྱི་དོ་དམ་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ཡོད།

 “འཕྲིན་སྦྲེལ་དྲ་བ་དང་མི་དོན་ཤེས་ལྡན་མི་སྣའི”མི་དོན་ཡིག་རྒྱུགས་ཀྱི་བཀོད་འདོམས་སྟེགས་བུའི་འཛུགས་སྐྲུན་གྱི་རྣམ་གྲངས2020ལོའི་ཟླ3པར་སྐྲུན་འགོ་ཚུགས་པ་རེད།   རྣམ་གྲངས་འཛུགས་སྐྲུན་བྱེད་པའི་སྐབས་སུ་གྲོང་ཁྱེར(ཁུལ)གསང་སྲུང་ཁང་གི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་སྒྱུར་བཀོད་རིམ་སྤོར་དང་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་སྐོར་ཞིབ་མ་ལག་སྦྲེལ་མཐུད་བྱས་པ་བརྒྱུད།  ཞིང་ཆེན་རིམ་པའི་བཀོད་འདོམས་ལས་སྟེགས་ཀྱིས་གྲོང་ཁྱེར(ཁུལ)8ཀྱི་རིག་ནུས་ཅན་གྱི་གསང་སྲུང་ཁང་དང་ཞིང་ཆེན་ཡོངས་ཀྱི་ཚད་ལྡན་ཅན་གྱི་རྒྱུགས་ར94ཡི་རིམ་པ་གསུམ་ཅན་གྱི་རྒྱུགས་ར3750ལ་དྲ་ཐོག་ཏུ་ལྟ་ཞིབ་བྱེད་ཐུབ་པ་དང་།  གྲོང་ཁྱེར(ཁུལ)རིམ་པའི་རྒྱུགས་ཤོག་སྐྱེལ་འདྲེན་གྱི་རླངས་འཁོར་ནང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་གྱི་སྒྲིག་ཆས་བཞག་ཡོད་ལ།  རྒྱུགས་ཤོག་སྐྱེལ་འདྲེན་བྱེད་པའི་ལམ་བར་དུ་མི་དང་།  རླངས་འཁོར།   རྒྱུགས་ཤོག(བྱང་བུ)བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་གནས་ངེས་དང་ཡུལ་དངོས་སུ་ལྟ་སྐུལ་བྱེད་པ་མངོན་འགྱུར་བྱས་ཡོད།  ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།