མགྱོགས་མྱུར་ངང་ཕན་ནུས་ལྡན་པའི་སྒོ་ནས་དྲོད་རླངས་མཁོ་འདོན་ལ་འགན་སྲུང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སི་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སིས་སོལ་རླངས་སྔོག་འདོན་བཟོ་གྲྭ་དང་པོས་ལས་ཡུལ་དངོས་ཀྱི་དོ་དམ་དང་ལག་རྩལ་བྱ་ཐབས་ནས་འགོ་ཚུགས་ཏེ་སྒྲིག་འཛུགས་འཁོར་སྐྱོད་དང་ཁོར་ཡུག་བདེ་འཇགས་སྲུང་སྐྱོང་དོ་དམ་ལེགས་སྒྱུར་ཚོད་འཛིན་བྱེད་པ་དང་། ལག་རྩལ་གསར་པ་སྤྱད་པས་ལས་གྲྭའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་མངོན་གསལ་དོད་པའི་ཕན་འབྲས་ཐོན་ཡོད། 2020ལོར་ཟླ2པའི་སྔོན་ལ་སོལ་རླངས་སྨི་གྲུ་བཞི་མ་དུང་ཕྱུར8ཀྱི་ཐོན་ནུས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་ཤིང་། སོལ་ཁྲོན་གསར་པ257ཡིས་ཐོན་སྐྱེད་བྱེད་འགོ་ཚུགས། དེས་དགུན་དུས་ཀྱི་སོལ་རླངས་མཁོ་འདོན་བྱ་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།