ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་ཧོང་ཀྲོང་ཆུས་ཀྱི་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་ཧུང་ཀྲོང་ཆུས་ཀྱི་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་རྒྱས་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་བདེ་བླག་ངང་བརྗེ་བར་སྐུལ་འདེད་བཏང་སྟེ“སྣེ་ཁྲིད་པ”ལེགས་པོ་འདེམས་པ་དང་“སྙིང་ཉེ་བ”ལེགས་པོ་བཀོད་སྒྲིག་བྱས་ནས། “མཐུད་རྒྱུག”ཡག་པོར་བརྒྱུད་སྤྲོད་བྱས་ནས་འབྱོར་ཕྱུག་དང་ཤེས་དཔལ། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།  

ཧུང་ཀྲོང་ཆུས་ཀླུ་གསར་གྲོང་རྡལ་ཀན་ཧོ་ཡན་སྡེ་བར་ཕེབས་དུས། ཞིན་ཁྲང་ཞིང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་རོགས་སྐྱོར་རྣམ་གྲངས་ཏེ་སྐུལ་གཏོང་གཅེས་སེམས་སྒོ་རྩིས་ཚོང་ཁང་གི་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་ཤེས་རྟོགས་གནང་བ་དང་། གྲོང་གསེབ་ཀྱི་མཉམ་འགོག་ལས་དོན་གྱི་ལམ་སྲོལ་ལ་བརྟག་ཞིབ་གནང་བ་མ་ཟད། གསར་དུ་བསྐོ་གཞག་བྱས་པ་དང་ལས་གནས་ནས་ཕྱིར་འཐེན་བྱས་པའི་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན། གྲོང་མིའི་འཐུས་མི་སོགས་དང་བཞུགས་མོལ་གནང་བ་རེད། ཁོང་གིས་གསུངས་དོན། སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་བ་ནི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན། ལྷག་པར་དུ་དབུལ་ཐར་འགག་སྒྲོལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཐོབ་ལ་ཉེ་ཞིང་། རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་ཀྱི་ལྷུ་ཚིགས་གལ་ཆེན་འདིར་ནུས་ཤུགས་ཡོད་རྒུས་གོ་རིམ་ལྡན་པའི་ངང“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཡག་པོར་སྒྲུབ་ནས་སྣེ་ཁྲིད་པ་ལེགས་འདེམས་ཧྲག་སྒྲུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། སྐབས་བརྗེའི་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོས“ཕུལ་བྱུང་གསུམ་མཐོ་བ་གསུམ་ཁྱད་འཕགས་གསུམ”དང“ལེགས་པ་གཉིས་བཟང་བ་གཉིས”ཀྱི་དམིགས་ཚད་ལ་གཞིགས་ནས་བཀོད་སྒྲིག་ཞིབ་ཚགས་དང་སྒྲིག་ཁྲིམས་ནན་དུ་བཏང་སྟེ། གདམ་བྱའི་འོས་མིའི“རིམ་གསུམ”ཐོབ་ཐང་མཉམ་འབྲེལ་ཞིབ་བཤེར་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། སྐབས་བརྗེའི་འདེམས་བསྐོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བྱེད་དགོས། གསར་དུ་བདམས་པའི་འགོ་ཁྲིད་ཁོངས་མིས་ལས་སྒྲུབ་ལས་སྐྲུན་གྱི་མཐུད་རྒྱུག་རྒྱུན་འཛིན་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཕན་ནུས་ལྡན་པའི་ངང་ནས་འབྲེལ་མཐུད་ལེགས་པོ་བྱེད་དགོས་ལ། བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་དེ་གཞི་རིམ་གྱི་ཕྱོགས་ཡོངསས་སུ་དོན་འཁྱོལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་བདེ་སྐྱིད་ཀྱི་འཚོ་བ་གཏོད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།