མཚོ་སྔོན་ཞིང་ཆེན་ཡོངས་སུ་ཞིང་ཕན་དངུལ་རྩའི་ཞབས་ཞུ་བྱེད་གནས7427བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་འཐབ་ལས་རྒྱལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་གནད་འཁེལ་དབུལ་སྐྱོར་ཆེད་དོན་སྟེང་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་མ་ལག་གིས་ཧུར་ཐག་འཚོལ་ཞིབ་དང་། མཐུན་སྦྱོར་སྐུལ་འདེད་བཏང་ནས། དངུལ་རྩས་ཞིང་སྡེ་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་རྒྱབ་སྐྱོར་ཤུགས་ཚད་ཇེ་མཐོ་དང་། རོང་འབྲོག་དམངས་ཀྱིས་དངུལ་རྩའི་ཞབས་ཞུའི་ཐོབ་ཚོར་མཐོ་རུ་བཏང་། 2020ལོའི་དུས་ཚིགས་གསུམ་པའི་མཇུག་བར་དུ། ཞིང་ཆེན་ཡོངས་སུ་ཞིང་ཕན་དངུལ་རྩའི་ཞབས་ཞུ་བྱེད་གནས7427སྒྲིག་འཛུགས་བྱས་ཤིང་། དེ་ལོ་སྟོད་ལས་བརྒྱ་ཆའི18.77འཕར་བ་དང་། ཁྱོན་བསྡོམས་ཞབས་ཞུ་ལྟེ་གནས་70ཡི་ཞབས་ཞུ་ས་ཚིགས་150རིམ་འཕར་བཟོ་བཅོས་བྱ་བ་ལེགས་འགྲུབ་བྱས་པ་དང་། ལས་གཉེར་མ་དངུལ་སྒོར་དུང་ཕྱུར65.91ལ་སླེབས།

དེ་ལས་གཞན། 2020ལོའི་དུས་ཚིགས་གསུམ་པའི་མཇུག་བར་དུ། ཞིང་ཆེན་ཡོངས་སུརྨང་གཉིས་མཉམ་འབྲེལགྱི་ལས་གཉེར་དངུལ་ཁང་གི་གཞི་རིམ་དྲ་གནས477ལ་སླེབས་ཤིང་། ཡིད་རྟོན་དངུལ་བུན་ལས་སྒྲུབ་ཁང3591སྒྲིག་འཛུགས་བྱས། གནད་འགག་ཁྱབ་ཁོངས་དང་གོ་རིམ་ཞན་སར་དམིགས་ནས། དབུལ་སྐྱོར་ཁྱབ་གདལ་དང་། དྲ་རྒྱ་ཁྱབ་གདལ། ཡིད་རྟོན་ཁྱབ་གདལ། བཙོག་མེད་ཁྱབ་གདལ་ནང་དོན་གཙོ་བོ་ཡིན་པའི་དངུལ་རྩའི་སྒྲིག་སྲོལ་འཛུགས་སྐྲུན་བྱས་ནས། དཀའ་ཁག་ཡོད་པའི་ས་ཁུལ་གྱི་ཡིད་རྟོན་དངུལ་བུན་གཏོང་ཚད་ཆེ་རུ་བཏང་ནས། ཡིད་རྟོན་འཛད་སྤྱོད་མཁན་དང་། ཡིད་རྟོན་སྡེ་བ། ཡིད་རྟོན་ཤང་། ཡིད་རྟོན་རྫོང་འཛུགས་སྐྲུན་བྱས་ཏེ། དངུལ་རྩའི་བྱ་བའི་སྒྲིག་སྲོལ་དང་དཔྱད་འཇོག་མ་ལག་སྒྲིག་འཛུགས་དང་། དངུལ་རྩའི་ཞབས་ཞུའི་ཁྱབ་ཚད་དང་ཡིད་ཚིམས་ཚད་མཐོ་རུ་བཏང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།