ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིིན། ཟླ་དང་པོའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དཀར་ཤང་དུ་བདེ་སྐྱིད་ཀྱི་རྣམ་པས་ཁེངས་འདུག་ལ། ཉིན་དེར་སྡེ་བའི་ཐུན་མོང་གི་དཔལ་འབྱོར་བགོ་བཤའ་རྒྱག་པའི་མཛད་སྒོ་གནས་འདི་རུ་སྤེལ་བ་རེད།
གནད་ཁེལ་དབུལ་སྐྱོར་ལག་བསྟར་བྱས་པ་ནས་བཟུང་། གཡུ་དཀར་ཤང་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཐུན་མོང་གི་དཔལ་འབྱོར་ཡང་ཡར་ངོས་ཟླ་ལྟར་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། ཐེངས་འདིར་བསྡོམས་པས་ལག་དངུལ་སྒོར་ཁྲི་བཅུ་ལྷག་འགྲེམ་གཏོང་བྱས་པ་དང་དུད་ཁྱིམ1260ལ་ཕན་ཁེ་སྐྲུན། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
ཁེ་སྤོགས་བགོ་བཤའ་བརྒྱབ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ།