མཚོ་བོད་མཐོ་སྒང་གི་ཆེས་ཆེ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།

ལས་བཟོ་བའི་གནམ་གྲུའི་སྟེང་ནས་དངོས་ཟོག་ལེན་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའིཚེས6ཉིན་གྱི་སྔ་དྲོའི་དུས་ཚོད9:15སྟེང་།  ཀྲུང་གོའི་སྦྲག་སྲིད་མཁའ་འགྲུལ་ཚད་ཡོད་ཀུང་སིསCF9051དུས་གཏན་གནམ་གྲུ་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ་དང་།  འདི་ནི་མཚོ་བོད་མཐོ་སྒང་གི་ད་ལྟའི་བར་ཤར་གཏོང་ཐུབ་པའི་ཆེས་ཆེ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་མཁའ་ལམ་རེད།

རྒྱུས་ལོན་པ་ལྟར་ན།  མཁའ་ལམ་འདི་ནི“ཟི་ལིང་ནས་ནན་ཅིན་བར”ཡིན་པ་དང་།  B737-800Fཟོག་འདྲེན་གནམ་གྲུ་སྤྱད་དེ་ཉིན་རེར་ཐེངས་གཅིག་འཕུར་བཞིན་ཡོད་ལ་དུས་ཡུན་ཟླ་གཅིག་རིང་ཡིན།  འཕུར་ཐེངས་རེར་དངོས་ཟོག་ཏུན14སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་དངོས་ཟོག་གཙོ་བོ་སྦྲག་སྲིད་དང་མགྱོགས་སྐྱེལ།  སྐམ་ཤ།  ལུག་ཤ་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཡིན་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།