མཚོ་སྔོན་གྱིས་ཕྱི་རྒྱལ་གྱི་ཚོང་བས་མ་དངུལ་གཏོང་བའི་ཁེ་ལས་ཐོ་འགོད་དོ་དམ་གྲོང་ཁྱེར་དང་ཁུལ་ལ་དབང་བ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ། རྨ་ལྷོ་ཁུལ། ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ་གྱི་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་ལ་ཕྱི་རྒྱལ་གྱི་ཚོང་བས་མ་དངུལ་གཏོང་བའི་ཁེ་ལས་ཐོ་འགོད་དོ་དམ་དབང་ཆ་བྱིན་པས། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་གྱི་ཚོང་བས་མ་དངུལ་གཏོང་བའི་ཁེ་ལས་ཐོ་འགོད་དོ་དམ་གྲོང་ཁྱེར་དང་ཁུལ་ལ་དབང་བ་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རང་འགུལ་ངང་འགན་ནུས་འདོན་སྤེལ་བྱས་ཏེ། “གློད་སྡོམ་ཞབས་གསུམ”བཅོས་བསྒྱུར་དང་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་ནན་ཏན་དང་། རྒྱུན་མཐུད་ངང་ཚོང་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ་ཁེ་གཉེར་ལས་དོན་སྒྲུབ་པའི་དུས་ཚོད་ཅི་ནུས་ཀྱིས་ཉུང་འཕྲི་དང་། “དྲ་གཅིག་མཉམ་གཉེར”དང་“སྒེའུ་གཅིག་མཉམ་གཉེར” “དོན་གཅིག་མཉམ་གཉེར”གྱི་ཞབས་ཞུ་འདོན་སྤྲོད་བཅས་བྱས་པས། མཚོ་སྔོན་གྱི་ཕྱི་རྒྱལ་གྱི་ཚོང་བས་མ་དངུལ་གཏོང་བའི་ཁེ་ལས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱས་ཤིང་། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ཕྱི་རྒྱལ་གྱི་ཚོང་བས་མ་དངུལ་གཏོང་བའི་ཁེ་ལས་དང་ཡན་ལག་ལས་ཁུངས664ཐོ་འགོད་བྱས་པར་དུས་མཚུངས་ལས5.9%ཡིས་འཕར་ཡོད། འོན་ཀྱང་དུས་མཚུངས་སུ་ཕྱི་དངུལ་ཐོ་འགོད་སྒེའུ་ཁུང་ཉུང་བ་དང་། ཁེ་ལས་ཁྱབ་ཚུལ་ཆེ་བའི་དངོས་ཡོད་དཀའ་ངལ་ཡོད་པས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཕྱོགས་གཅིག་ནས་གྲོང་ཁྱེར་སོ་སོའི《ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་ཁེ་ལས་ཀྱི་དབང་ཆ་ཐོ་འགོད་དོ་དམ་བྱེད་ཐབས》གཞིར་བཟུང་ནས། མི་སྣ་བསྐོ་གཞག་དང་སྒེའུ་ཁུང་བཀོད་སྒྲིག་སོགས་ཀྱི་དབང་ཆ་སྤྲོད་པར་མཁོ་བའི་ཆ་རྐྱེན་གསར་ཏུ་བསྐྲུན་པ་དང་། ཕྱོགས་གཞན་ཞིག་ནས་རང་འགུལ་ངང་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་མཚོ་སྔོན་གྱི་བོད་དང་འབྲེལ་བའི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།