མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་བྱིས་པའི་ཁམས་གསོ་རོགས་སྐྱོབ་དམིགས་བཙུགས་ཞབས་ཞུ་ལས་ཁུངས་ཀྱིས་ཚད་ལྡན་ཅན་གྱི་དོ་དམ་ཚོད་ལྟའི་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་རིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་བྱིས་པའི་ཁམས་གསོ་རོགས་སྐྱོབ་དམིགས་བཙུགས་ཞབས་ཞུ་ལས་ཁུངས་ཀྱིས་ཚད་ལྡན་ཅན་གྱི་དོ་དམ་ཚོད་ལྟའི་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་རིས་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་བླང་བྱ་བཏོན་ཞིང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཞིན་ཁྲང་ཞིང་གིས་དབང་བོ་སྐྱོན་ཅན་གྱི་བྱིས་པ་ནི་དམིགས་བསལ་གྱིས་བྱམས་སྐྱོང་བྱེད་དགོས་པའི་ཚོགས་སྤྱི་ཞིག་ཡིན་པ་དང་། ཁམས་གསོའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་བརྗོད་བྱ་གཙོ་བོའི་ནང་དོན་ཡིན་པས། བརྩེ་སེམས་ལྡན་པའི་སྒོ་ནས་ལས་དོན་བསྒྲུབ་དགོས་པར་བསྟན།

ཁོང་ཡུང་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་བྱིས་པའི་ཁམས་གསོའི་རོགས་སྐྱོབ་ལས་དོན་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ད་དུང་རྗེས་མར་དབང་བོ་སྐྱོན་ཅན་བྱིས་པའི་ཁམས་གསོའི་རོགས་སྐྱོབ་དམིགས་བཙུགས་ཞབས་ཞུ་ལས་ཁུངས་ཀྱིས་ཚད་ལྡན་ཅན་གྱི་དོ་དམ་ཚོད་ལྟའི་ལས་དོན་སྤེལ་བའི་ཐད་བླང་བྱ་བཏོན། ཁོང་གིས་དབང་བོ་སྐྱོན་ཅན་བྱིས་པའི་ཁམས་གསོའི་རོགས་སྐྱོབ་བྱེད་པ་ནི་དབང་བོ་སྐྱོན་ཅན་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་འབྲེལ་བ་ཡོད་པ་དང་། དབང་བོ་སྐྱོན་ཅན་བྱིས་པ་དང་དེའི་ཁྱིམ་ཚང་གི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད་པར་བསྟན། ཚོད་ལྟའི་ས་གནས་ཀྱི་འགན་འཁུར་ཡོད་པའི་འབྲེལ་ཡོད་སྡེ་ཁག་དང་སྲིད་གཞུང་རིམ་པ་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་སྟེ། ཚོད་ལྟའི་ལས་དོན་བཟང་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཆེ་རུ་བཏང་སྟེ། ཚད་གཞི་མཐོ་བའི་ཇུས་འགོད་དང་བློ་ཁོག་ཆེན་པོས་སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱེད་པ། ཚོད་ལྟའི་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བཟང་པོ་བྱེད་པ། ཚོད་ལྟའི་བྱ་བའི་ལས་འགན་དུས་ལྟར་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་པ། དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། བྱ་བའི་ཚད་གཞི་ཚད་ལྡན་དུ་གཏོང་བ། དཔྱད་བསྡུར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་རིགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་གཞི་འཛུགས་སྐྲུན་ཇེ་ལེགས་སུ་བཏང་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་ཚོད་ལྟའི་ལས་དོན་སྐུལ་འདེད་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་བའི་འགྲིལ་ཤུགས་ཆགས་པ། དབང་བོ་སྐྱོན་ཅན་བྱིས་པའི་ཁམས་གསོའི་རོགས་སྐྱོབ་ཀྱི་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ།  རྒྱལ་ཡོངས་དབང་བོ་སྐྱོན་ཅན་བྱིས་པའི་ཁམས་གསོ་རོགས་སྐྱོབ་དམིགས་བཙུགས་ཞབས་ཞུ་ལས་ཁུངས་ཀྱིས་ཚད་ལྡན་དོ་དམ་བྱེད་པར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས་པར་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།