རྡོ་རྗེ་རབ་བརྟན་གྱིས་ཁྲི་ཀ་རྫོང་གི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་ལ་མཛུབ་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར།   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཁྲི་ཀ་རྫོང་དུ་སོང་ནས་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་མཛུབ་སྟོན་བྱས་ཤིང་།  དེའི་སྐབས་སུ་ཧོ་དབྱིན་གྲོང་རྡལ་བོན་པོ་གདོང་སྣ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་དུ་ཞུགས།  ཧོ་ཏུང་ཞང་སྤོ་ཉེ་སྡེ་བ་རུ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་།  ཁྲི་ཀ་རྫོང་གི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོས་བྱ་བའི་སྙན་ཞུར་ཉན་པ་དང་།   ཁྲི་ཀ་རྫོང་གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་ཁས་ལེན་གང་ལེགས་མཛད་པ་མ་ཟད།  ཐེངས་རྗེས་མའི་ལས་དོན་ལ་མཛུབ་སྟོན་དང་བསམ་འཆར་བཏོན་པ་རེད།

རྡོ་རྗེ་རབ་བརྟན་གྱིས་ཁྲི་ཀ་རྫོང་གིས་གྲོང་ཚོའི(སྡེ་ཁུལ)སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་མཐོང་ཆེན་བྱས་ཤིང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ།  འགོ་ཁྲིད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་དགོངས་དོན་རྒྱུན་འཛིན་བྱས་ནས།  འདེམས་བསྐོ་མི་སྣའི་ཆབ་སྲིད་ཀྱི་ལང་ཕྱོགས་ལ་གཟབ་ནན་དང་།  སྤྱོད་གཙང་གཞུང་དྲང་གི་སྐབས་བརྗེའི་རྣམ་པ་བཟང་བོ་ཞིག་བཏོད་རྒྱུར་ཤུགས་བསྣས་ཏེ།  རིམ་པ་སོ་སོའི་ལས་དོན་ཁག་ཚད་ལྡན་དང་གོ་རིམ་ཡོད་པའི་ངང་སྤེལ་བས།  གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་བྱ་བ་བདེ་ལེགས་ངང་ལེགས་འགྲུབ་བྱུང་སྟེ།    “ཕུལ་བྱུང་གསུམ་དང་སྟོབས་ལྡན་གསུམ།  ཉམས་སད་ཐེག་པ་གསུམ”གྱི་དམིགས་འབེན་འོས་འགན་མངོན་འགྱུར་བྱུང་བ་མ་ཟད།  རྗེས་མཐུད་ཀྱི་གྲོང་སྡེའི་གྲོང་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བསྟན།  །

དེ་དང་ཆབས་ཅིག་རྡོ་རྗེ་རབ་བརྟན་གྱིས་ད་དུང་ཁྲི་ཀ་རྫོང་གི2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང2021ལོའི་ལས་ཀའི་འཆར་གཞིའི་སྙན་ཞུར་ཉན་པ་དང་།  ཁྲི་ཀ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་གནང་།  ཁྲི་ཀ་རྫོང་གི་གཙོ་གནད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས།   མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་།  གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་ལ་ཚད་མཐོའི་དཔྱད་འཇོག་གནང་བ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།