མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲལ་སྡོམ་མྱུར་སྐྱོབ་པའི་གསོ་སྦྱོང་ཐེངས་དང་པོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས6ཉིན།  ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་འཕྲལ་སྡོམ་དོ་དམ་ཅུའུ་ཡིས་འཕྲལ་སྡོམ་སྲོག་སྐྱོབ་པ60སྒྲིག་འཛུགས་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་གི་ཐེངས་དང་པོའི“འཕྲལ་སྡོམ་མྱུར་སྐྱོབ་པའི”གསོ་སྦྱོང་སྤེལ་བ་རེད།   གསོ་སྦྱོང་ནང་གནོད་སྐྱོན་སྣ་གཅིག་གི་འཕྲལ་སྡོམ་མྱུར་སྐྱོབ་རུ་ཁག་ནས་སྣ་མང་པོའི་སྤྱིའི་མྱུར་སྐྱོབ་རུ་ཁག་ཏུ་རྒྱ་བསྐྱེད་དེ།  “དྲ་སྟེང་དང་དྲ་ཕྱི”།  “འཕྲིན་སྦྲེལ་དྲ་བ་དང་འཕྲལ་བསྟུན་བཀོད་འདོམས”།  “གཞུང་ལུགས་དང་ལག་ལེན”བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས།  ཕྱོགས་ཡོངས་ནས་ཧུར་བརྩོན་བྱས་ཏེ་གནས་ཚུལ་གང་རུང་ལ་འཕྲད་ཀྱང་མྱུར་སྐྱོབ་བྱེད་ཐུབ་པའི་ཆེད་ལས་དཔུང་ཁག་ཅིག་བསྐྲུན་རྒྱུར་ཤུགས་སྣོན་བྱས།

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་གསོ་སྦྱོང་ནང་འཕྲལ་སྡོམ་ཐག་གཅོད་ཀྱི་ལག་ལེན་དངོས་གཙོ་བོར་བཟུང་ནས།  སློབ་ཁྲིད་ཀྱི་ནང་དུ་འཕྲལ་སྡོམ་དོ་དམ་གྱི་རྨང་གཞིའི་ཤེས་བྱ་དང་།  གནོད་འཚེ་དང་དོན་རྐྱེན་གྱི་རྨང་གཞི་ཁ་གཏད་དུ་འཛིན་པ།  འཕྲལ་སྡོམ་མྱུར་སྐྱོབ་པའི་མྱུར་སྐྱོབ་ལག་རྩལ།  སྨན་བཅོས་མྱུར་སྐྱོབ་ཀྱི་གཞུང་ལུགས།  ས་འགུལ་མྱུར་སྐྱོབ་ཀྱི་གོ་རིམ་དང་བྱེད་ཐབས།  ཐག་པའི་ལག་རྩལ་དང་བཀོལ་སྤྱོད།  སྙིང་དང་གློ་བའི་སླར་གསོའི་མྱུར་སྐྱོབ་སོགས་བཀོད་སྒྲིག་བྱས་ཡོད་པས།  སློབ་མ་དག་གི་ཤེས་བྱ་དང་ལག་ལེན།  འཕྲལ་སྡོམ་མྱུར་སྐྱོབ་སོགས་ཀྱི་བྱེད་ཐབས་དག་མཐོར་འདེགས་སུ་བཏང་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།