མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབA5རིམ་པའི་མཛེས་ལྗོངས་ཁུལ་ཞིག་གསར་སྣོན་བྱས།

db1d37aaa27fcab7fa4ecd93a358822_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རིག་གནས་དང་གནས་སྐོར་པུའུ་ཡིས《གནས་སྐོར་མཛེས་ལྗོངས་ཁུལ21རྒྱལ་ཁབA5རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་གཏན་ཁེལ་བྱས་པའི་སྤྱི་བསྒྲགས》འགྲེམ་སྤེལ་བྱས་པ་དང་།  དེའི་ནང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབA5རིམ་པའི་མཛེས་ལྗོངས་ཁུལ་གྱི་གྲས་སུ་ཚུད་ཡོད། 

fac0ce229cc5c28a93aa881af85fb15.jpg

ཨ་མྱེས་སྟོང་སོ་གནས་སྐོར་མཛེས་ལྗོངས་ཁུལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཁོངས་སུ་གཏོགས་ལ།  མདོ་ལ་རི་རྒྱུད་ཀྱི་དབུས་རྒྱུད་དུ་ཆགས་ཡོད་པ་དང་།  དེ་ནི་ནུབ་བྱང་ནས་ཤར་ལྷོའི་འཕྲེད་བཅད་ཀྱི་རི་རྒྱུད་དང་གྲོག་རོང་བཅས་ཀྱིས་གྲུབ།  གནས་སྐོར་མཛེས་ལྗོངས་ཁུལ་དུ་གངས་རི་དང་གྲོག་རོང་།  ས་དམར་ས་གཤིས། བྲག་རྡོ།  རྩྭ་ཐང་།  ནགས་ཚལ།  ཞིང་ས་དང་ཞིང་སྡེ་བཅས་གཞི་གཅིག་ཏུ་འཛོམས་པས་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་བྱེད་སའི་གནས་མཆོག་ཅིག་ཡིན།   

b92755b6f5dd9e3820d1df3d2cabe76.jpg

མིག་སྔའི་བར།  མཚོ་སྔོན་དུ་རྒྱལ་ཁབ་ཀྱིA5རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་བསྡོམས་པས4ཡོད་ལ།  སོ་སོ་ནི་མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་།  ཧུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་ར་བ་དང་ཨ་མྱེས་སྟོང་སོ་བཅས་ཡིན།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།