མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་མི་སྣས་ཤྭ་སྐྱ་བསྐྱབས་པ།

2.jpg

སྐྱེ་ཁམས་སྲུང་སྐྱོང་མི་སྣས་ཤྭ་སྐྱ་སྐྱོབ་བཞིན་པའི་ཚུལ།

3.jpg

དར་ནང་དུ་ལྷུང་བའི་ཤྭ་སྐྱ།

4.jpg

སྐྱེ་ཁམས་སྲུང་སྐྱོང་མི་སྣས་ཤྭ་སྐྱ་སྐྱོབ་བཞིན་པའི་ཚུལ།

5.jpg

སྐྱེ་ཁམས་སྲུང་སྐྱོང་མི་སྣས་ཤྭ་སྐྱ་སྐྱོབ་བཞིན་པའི་ཚུལ།

6.jpg

སྐྱེ་ཁམས་སྲུང་སྐྱོང་མི་སྣས་ཤྭ་སྐྱ་བསྐྱབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས5ཉིན་གྱི་མཚན་མོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུ་འབྱུང་ཡུལ་གྱི་ཆུ་དམར་ལེབ་དོ་དམ་ཁྲུའུ་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་སྐལ་ཐར་གྱིས་ངོ་སྤྲོད་བྱས་པ་བཞིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྐྱེ་ཁམས་སྲུང་སྐྱོང་མི་སྣས་བསྐོར་ཞིབ་བྱེད་དུས་འབྲི་ཆུའི་འབྱུང་ཡུལ་དུ་ཤྭ་སྐྱ་དྲུག་དར་ནང་དུ་ལྷུང་བ་མཐོང་རྗེས་མྱུར་དུ་དེ་དག་བསྐྱབས་པ་རེད། 

ཤྭ་སྐྱའི་གཟུགས་པོ་མཐོ་ཞིང་ཆེ་ལ་མཐོ་གྲང་སྲོག་ཆགས་རིགས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱང་ཡིན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།