མཚོ་ལྷོས་སྟོབས་ཤུགས་ཡོད་རྒུས་སྐབས་བརྗེའི་འདེམས་བསྐོའི་གནད་དོན་གཙང་སེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་སྡེའི་སྐབས་བརྗེའི་འདེམས་བསྐོ་བྱེད་ལ་ཉེ་བའི་སྐབས་འདིར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གནད་དོན་ཁ་ཕྱོགས་དང་མཇུག་འབྲས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཞིང་སྡེའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་བྱ་བར་ཤུགས་རྐྱེན་བཟོ་སྲིད་པའི་གནད་དོན་གཙང་སེལ་བྱས་ནས། སྐབས་བརྗེའི་བྱ་བ་བདེ་བླག་ངང་སྤེ་བར་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས། 

མིག་སྔར། ཁུལ་དང་རྫོང་། ཤང་གི་རིམ་པ་གསུམ་གྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་གནད་དོན་དང་ཉེན་ཁ་གཙང་སེལ་བྱ་བའི་ཐག་གཅོད་སྒྲིག་སྲོལ་སྒྲིག་འཛུགས་བྱས་ནས། དུས་ཐོག་ཏུ་ཁུལ་ཡོངས་ཀྱི་སྐབས་བརྗེའི་འདེམས་བསྐོའི་གནད་དོན་དང་ཉེན་ཁ་སོ་སོ་ཁོང་དུ་ཆུད་པར་བྱས་ཏེ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱི་འདེམས་བསྐོའི་མི་སྣས་རྩ་འཛུགས་ཀྱི་གོ་རིམ་ལྟར་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་དོགས་པ་ཡོད་པ་དང་། ས་ཁུལ་ཁ་ཤས་ཀྱི་རྩྭ་སའི་ཁ་གསབ་སོགས་ཀྱི་བསླངས་པའི་འགལ་བ་འདུམ་འགྲིག་མཐར་ཕྱིན་བྱས་མེད་པ་སོགས་ཀྱི་གནད་དོན་ལ་སྔ་མོ་ནས་འབྱུར་རྐྱེན་ལ་དམིགས་ཏེ། གནད་དོན་དང་ཉེན་ཁ་གཙང་སེལ་དང་རྒྱུ་ཆ་ཁོང་དུ་ཆུད་པར་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།