མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་བསམ་འཆར》བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རང་སྐྱོང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་བསམ་འཆར་ལ་ཉན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་མཱ་ཝའེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས། 

ཚོགས་ཞུགས་མི་སྣ་ཡོངས་ཀྱིས། 2020ལོར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བྱ་བའི་སྤྱི་ཡོངས་དང་དམ་དུ་འབྲེལ་ཏེ། འགན་ནུས་ལག་བསྟར་དང་འགན་འཁྲི་ཕྲག་ཏུ་བླངས་ནས། ཁྲིམས་འཛུགས་དང་ལྟ་སྐུལ། དེ་མིན་རང་སྟེང་གི་འཛུགས་སྐྲུན་བྱ་བའི་ཐད་གྲུབ་འབྲས་གསར་བ་བླངས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཧུར་ཐག་གི་བྱས་རྗེས་བཞག་པར་བསྟན།  ཚང་མས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་བསམ་འཆར་སྤྱི་བསྡོམས་དངོས་ཐོག་བདེན་འཚོལ་དང་། གནད་དོན་ལ་དབྱེ་ཞིབ་བྱས་པ་དོན་དངོས་དང་། ལོ་གསར་བའི་བྱ་བར་བཀོད་སྒྲིག་བྱས་པ་དོན་དངོས་ཡིན་པའི་འདོད་ཚུལ་བསྟན་པ་དང་། དུས་མཚུངས་སུ། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བར་ཤུགས་བསྣོན་དང་། འཐུས་མིའི་གཙོ་ཁྲིད་ནུས་པ་འདོན་སྤེལ་སོགས་ཀྱི་ཐད་འགན་སྲུང་བྱེད་པའི་ཐད་བྱེ་བྲག་གི་བསམ་འཆར་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།